ལྗོངས་ཡོངས་སུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བཞིན་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན།  རང་ལྗོངས་ཀྱི་ཚན་པ་ཁག་དང་ལས་ཁུངས་ཁག་གིས་གཞི་རིམ་དང་མང་ཚོགས་ཚོས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་དང་དམ་པོར་བསྟུན་ཏེ།  བཅོས་སྒྲིག་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་མང་ཚོགས་ཚོས་བརྗོད་དོན་གཙོ་བོའི་སློབ་གསོའི་འགྱུར་ལྡོག་མྱོང་ཚོར་ཐུབ་པ་བྱས་པ་རེད། 
ལྗོངས་ཞིབ་དཔྱོད་ཁང་གིས་ནན་པོ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་རིགས་གཞུང་སློབ་སྦྱོང་བྱེད་རྒྱུར་དམ་འཛིན་ཏན་ཏིག་བྱས་ཏེ་མི་སྣ་དང་དུས་ཚོད།  ནང་དོན་བཅས་དོན་འཁྱོལ་ཐུབ་རྒྱུ་འགན་ལེན་བྱས་ནས།  མི་དམངས་མང་ཚོགས་ཚོས་ཞིབ་དཔྱོད་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་དང་རེ་སྒུག་གསར་པའི་སློབ་སྦྱོང་གི་དོན་དངོས་ཕན་འབྲས་མངོན་པར་བྱས་ཡོད།  

ལྗོངས་ཏང་ཨུད་རྩ་འཛུགས་པུས་ཀྲུང་དབྱང་རྩ་འཛུགས་པུའི་འབྲེལ་ཡོད་དབུ་ཁྲིད་གདན་ཞུ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་དང་།  དུས་སྐབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་སོགས་ཐད་ཆེད་དོན་ཟུར་ཁྲིད་གནང་ནས་ཐོས་བསམ་མྱོང་རྟོགས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད། 
ལྗོངས་འཕེལ་བསྒྱུར་ཨུ་ལྷན་གྱིས་རེས་གཟའ་པ་སངས་ཀྱི་བཤད་གྲྭ་ཞེས་པའི་རྒྱུན་རྣམ་ཅན་གྱི་སློབ་སྦྱོང་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་ཧུར་སེམས།  འགན་འཁྲི།  བྱ་ཐབས་བཅས་འཐུས་ཚང་ཡོང་བ་བྱས་ནས་ལས་ཀར་ཕན་འབྲས་ཐོན་རྒྱུར་ཁྲིད་སྟོན་བྱས་པ་རེད། 
ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གིས་བློ་མཐུན་ཧོང་ཝུན་ཤུའོ་ཡིས་གཞི་རིམ་དུ་གཞི་ཚུགས་ནས་དམངས་ཆེད་ཞབས་ཞུའི་བླ་ན་མེད་པའི་ཀུན་སྤྱོད་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་།  སྔོན་ཐོན་ལ་སློབ་སྦྱོང་བྱེད་པའི་ཕན་འབྲས་དེ་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བའི་དོན་དངོས་བྱ་སྤྱོད་ལ་འགྱུར་བ་བྱས་པ་རེད།  

ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་དང་ལྗོངས་ཡུལ་སྐོར་གོང་འཕེལ་ཐིང་།  ལྗོངས་སྨན་བཅོས་འགན་བཅོལ་ཅུས་བཅས་ཀྱིས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱུང་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ།  ཀྲེ་པུའུ་ཁག་གིས་གཟའ་འཁོར་རེའི་སློབ་སྦྱོང་འཆར་གཞི་བཟོས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཤེས་བྱའི་ཚོད་རྒྱུགས་གཏོང་རྒྱུའི་བླང་བྱ་བཏོན་པ་རེད། 
ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་ལྗོངས་སྤྱི་བདེ་ཐིང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོབ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་རྩ་བ་དེ་དང་དམ་པོར་བསྟུན་ཏེ།  བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་སྔོན་རྟོགས་དང་སྔོན་ཚུད་ཉེན་བརྡ།  སྔོན་འགོག་བཅས་ཀྱི་ནུས་པ་དང་རྡུང་རྡེག་གནད་འཕིགས།  ཐག་གཅོད་བྱེད་པའི་ནུས་པ་བཅས་ཆེ་རུ་ཏན་ཏིག་བཏང་སྟེ་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བ་བྱས་པ་རེད། 
ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་དྲ་ཐོག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་དྲ་ཐོག་ཏུ་དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་བརྒྱུད་སྤེལ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྒོར་རྡུང་རྡེག་ནན་པོ་བཏང་ཡོད། 
ལྗོངས་ནོར་སྲིད་ཐིང་དང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་སོགས་ཚན་པས་རྣམ་གྲངས་ཀྱི་མ་དངུལ་བསྡུ་རྒྱུགས་ཁག་པ་དང་སྐུལ་འདེད་འགོར་བ།  ཕན་འབྲས་ཐོན་འགོར་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་དང་།  དེང་སྐབས་ལྗོངས་ཡོངས་སུ་ཁྱོན་ཐོན་ལས་དབུལ་སྐྱོར་རྣམ་གྲངས ༢༤༨༡ ལས་འགོ་ཚུགས་ཟིན་པར་མ་དངུལ་སྒོར་དུང་ཕྱུར ༢༧༥ བཏང་བས།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཞིང་འབྲོག་པ་ཁྲི་ཚོ ༢༢ དབུལ་སྒྲོལ་ཐུབ་བཟོ་ཡོད། 
ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་བཟོ་ལས་དང་ཁེ་ལས་ཀྱི་འབག་བཙོག་འབྱུང་ཁུངས་ཕྱིར་བཤངས་བྱེད་རྒྱུར་ཚོད་འཛིན་ནན་པོ་བྱས་པ་དང་ཐལ་རྡུལ་ལ་མུ་མཐུད་ལྟ་འདོམས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས།  ཞིང་སྤྱོད་ས་རྒྱུའི་འབག་བཙོག་གནས་ཚུལ་བརྟག་དཔྱད་ཞིབ་ཕྲ་དང་གཙོ་གནད་ལས་རིགས་ཁེ་ལས ༡༩༨
ཀྱི་ས་ཆ་བེད་སྤྱོད་ཆ་འཕྲིན་བསྡུ་ལེན་ཟིན་པ་རེད། 
ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་བརྒལ་བའི་དཔེ་མཚོན་གྱོད་གཞི ༢༤ བརྡ་ཁྱབ་བཏང་བ་དང་།  དུས་ཆེན་རིང་ལྟ་སྐུལ་ཞིབ་བཤེར་ཐེངས ༨༤ བྱས་པ་དང་གནད་དོན་གྱི་ཁུངས་སྣེ ༢༥ འཚོལ་ཞིབ་ཐུབ་པ་རེད། 
ལྗོངས་ཏང་ཨུད་གཞུང་ལས་ཐིང་ནས་ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཏེ་གཞི་རིམ་གྱི་འཁུར་པོ་ཡང་དུ་གཏོང་བའི་མཐུན་སྦྱོར་ཚོགས་ཆུང་བཙུགས་པ་དང་།  མཉམ་འབྲེལ་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་གྲོང་ཁྱེར༼ ས་ཁུལ ༽བདུན་དུ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱེད་པར་སྐྱོད་པ་རེད། 
ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཐིང་ནས་ལས་རིགས་དོ་དམ་གྱི་འགན་ནུས་ལ་གཞི་ཚུགས་ཏེ་ཉི་མ་རྫོང་དུ་གཞུང་ལས་གྲངས་གཞི་ཅན་དང་ཆ་འཕྲིན་འཚོལ་བཤེར་དང་ཡོངས་བསྒྲགས་སྟེགས་བུ་བཙུགས་ཏེ།  བྱ་བའི་དོ་དམ་དྲ་བ་ཅན་དུ་གྱུར་བ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། 
ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཀའོ་ཏེ་མཉེན་ཆས་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་ཐོག་ཁུལ་ཁོངས་ཡུལ་སྐོར་ས་བཀྲ་གཏོད་དེ།  ལྗོངས་ཡོངས་ཀྱི་མཛེས་ལྗོངས་ཁུལ ༡༡༦ འོས་སྦྱོར་བྱས་པས་རང་ལྗོངས་ཀྱི་ཡུལ་སྐོར་སྙན་གྲགས་ཆེ་རུ་ཕྱིན་པ་རེད།

ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱིས་སྐུད་ཡོད་གྲངས་འཛིན་བརྙན་འཕྲིན་སྟེགས་བུ་ཞིབ་བཟོ་བྱས་ཏེ།  ལྷ་ས་གྲོང་ཁྱེར་གྱི་སྐུད་ཡོད་གྲངས་འཛིན་བརྙན་འཕྲིན་སྤྱོད་མཁན་ཁྲི་ཚོ ༡༡ ལ་སྟབས་བདེ་སྐྲུན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]