རང་ལྗོངས་ཀྱི་ཚན་པ་མང་པོས་བརྗོད་དོན་གཙོ་བོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན།  ལྗོངས་སྒྲིག་ཨུད།  ལྗོངས་ཏང་ཨུད་རྩ་འཛུགས་པུའུ་བཅས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས།  གནད་དོན་ཞིབ་བརྟག་དང་དབྱེ་ཞིབ་གཏིང་ཟབ་བྱས་ནས་ཚན་ཁག་ཁོངས་མིས་འགན་འཁྲི་གཙང་སྒྲུབ་བྱེད་རྒྱུར་སྐུལ་འདེད་བཏང་སྟེ།  དུས་རབས་གསར་པར་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཕྱོགས་སུ་སྐུལ་སྤེལ་བཏང་ཡོད།

ལྗོངས་ཏང་ཨུད་དྲིལ་བསྒྲགས་པུར་འཚོགས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག  པུའུ་བྱ་བའི་ཨུ་ཡོན་ལྷན་ཁང་ཚན་ཁག་ཁོངས་མིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་རིམ་པ་བཞིན་རང་ངོས་དབྱེ་ཞིབ་གཏིང་ཟབ་བྱས་ཏེ།  སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་སྐབས།  ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཐེངས་དེའི་བརྗོད་དོན་གཙོ་བོའི་སློབ་གསོ་དེ་འགོ་འཛུགས་ས་གསར་པ་ཞིག་ལ་རྩིས་ཏེ།  རིག་གཞུང་གི་བྱང་ཚད་དང་ཆབ་སྲིད་ཀྱི་འདུ་ཤེས།  འགན་འཁྲི།  ཏང་འཛུགས་སྐྱོང་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་ཐོག་འགན་འཁྲི་དང་འོས་འགན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།  དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་།  མར་ཁེ་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་ཁྲིད་གནས་བབ་དང་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།  ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གསུམ་པས་མཛུབ་ཁྲིད་དཔྱད་བརྗོད་བྱས་པ་རེད།

ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་འགོ་ཁྲིད་ཚན་ཁག་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧེ་ཝུན་ཧའོ་ཡིས་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་འགོ་ཁྲིད་ཚན་ཁག་གི་ཚབ་ཞུས་ནས་ལྟ་བསྡུར་ཞིབ་བཤེར་གནང་བ་མ་ཟད།  སྒེར་གྱི་ལྟ་བསྡུར་ཞིབ་བཤེར་གནང་བ་རེད།  ཚན་ཁག་ཁོངས་མི་ཁག་གིས་མི་འདེང་བའི་ཆ་གསལ་སྟོན་བྱས་པ་དང་ཕན་ཚུན་སྐྱོན་བརྗོད་བྱས་པ་མ་ཟད་དམིགས་སའི་རང་བཞིན་ཡོད་པའི་བཅོས་སྒྲིག་བྱ་ཐབས་བཏོན་པ་རེད།  ཚོགས་འདུའི་ཐོག་ཧེ་ཝུན་ཧའོ་ནས་ཆེས་ནན་པོ་བྱེད་པ་དང་མིག་དཔེ་འདོན་པ།  ཏང་ནན་སྐྱོང་བྱེད་པ།  ཉེན་རྟོག་ནན་པོས་སྐྱོང་བ།  ལངས་ཕྱོགས་བརྟན་པོ།  དར་ཆ་གསལ་སྟོན།  རང་སྐྱོན་རང་བརྗོད་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་བྱང་ཚད་མཐོ་བའི་སྲིད་ཁྲིམས་དཔུང་ཁག་གི་ཁོར་ཡུག་ཞིག་གཏོད་དགོས་པའི་ནན་གསུངས་གནང་བ་རེད།  ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་དང་པོའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་ཡོད།

ཉེ་དུས།  རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་དང་།  ཚོགས་འདུའི་ཐོག་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་པའི་བརྗོད་དོན་ལ་དམིགས་ནས་གྲུབ་འབྲས་གླེང་བ་དང་གནད་དོན་ཞིབ་བརྟག  དབྱེ་ཞིབ་གཏིང་ཟབ།  ཁ་ཕྱོགས་གསལ་པོ་བཅས་ཡོང་བ་བྱས་པ་རེད།  རང་སྐྱོང་ལྗོངས་ཏང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་དང་པོས་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་ཡོད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཝུད་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་ཕྱོགས་བསྡོམས་གསུང་བཤད་ཀྱང་གནང་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཉེ་དུས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་དང་།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་དང་།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གཉིས་པས་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་མ་ཟད་དཔྱད་བརྗོད་ཀྱང་གནང་བ་རེད།  ཁྲེན་ཡུང་ཆི་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ལས་ཐོན་པའི་སྤྲོ་སེམས་དང་སྒུལ་ཤུགས་རྒྱུན་འཁྱོངས་བྱེད་པ་དང་།  བཅོས་སྒྲིག་ཁྲོད་ཀྱི་ཉམས་མྱོང་དང་བྱ་ཐབས་བཟང་པོ་གཏན་འཁྱོངས་ཐུབ་པ་བྱས་ཏེ།  ལམ་ལུགས་ལམ་སྲོལ་ཆགས་པ་བྱས་ནས་རྒྱུན་རྣམ་ཕུགས་ཕན་ཡོང་བ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]