བོད་ལྗོངས་གསར་པ་ཞེས་པའི་དུས་དེབ་ཀྱི་ད་ལོའི་འདོན་ཐེངས་དགུ་པའི་ཐོག་སྤེན་པ་བཀྲ་ཤིས་ཀྱི་རིག་གཞུང་རྩོམ་ཡིག་ཞིག་སྤེལ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༩ པའི་ཚེས ༥ ཉིན་པར་སྐྲུན་བྱ་རྒྱུའི་བོད་ལྗོངས་གསར་པ་ཞེས་པའི་དུས་དེབ་ཀྱི་སྤྱི་ལོ ༢༠༡༩ ལོའི་འདོན་ཐེངས་དགུ་པའི་ནང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན།  དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱི་རིག་གཞུང་རྩོམ་ཡིག་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་སྟེ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ཐོག་ནས་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་མོ་གཅིག་སྒྲིལ་ཡོང་བ་བྱེད་དགོས་ཞེས་པ་དེ་སྤེལ་རྒྱུ་རེད།

རྩོམ་ཡིག་དེ་ནང་དོན་ཆེ་བ་ཁག་གསུམ་ལ་དབྱེ་ཡོད་པ་སྟེ།  གཅིག་ནི་མང་ཚོགས་དང་བརྩེ་དུང་ཟབ་ཏུ་བཏང་ནས་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་དང་།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ལག་ལེན་དེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་གསོན་ཉམས་དོད་པའི་བརྗོད་དོན་ཐོག་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང་།  གཉིས་ནི་ཡོད་ཚད་དམངས་ཀྱི་ཆེད་དུ་ཡིན་པའི་ཐོག་མའི་བསམ་འདུན་དང་ཚད་བསྡུར་བྱས་ནས་མི་དམངས་མང་ཚོགས་ནས་མཛེས་སྡུག་ལྡན་པའི་བསམ་པའི་རིག་གནས་འཚོ་བར་འཆང་བའི་རེ་འདུན་བསྐང་ནས།  སྣང་ཆེན་བཞིན་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་གྲུབ་འབྲས་བཟང་པོ་ཐོབ་པ་བྱེད་དགོས་པ།  གསུམ་ནི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཏང་གི་གཞི་རྩའི་དགོངས་དོན་རྒྱུན་འཁྱོངས་བྱས་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏན་འཁྱོངས་ངང་སྤེལ་དགོས་པ་བཅས་རེད།

རྩོམ་ཡིག་ནང་།  ད་ཆ་ཏང་ཡོངས་སུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དེ་ནི།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་གལ་ཆེའི་བཀོད་སྒྲིག་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པའི་གལ་ཆེའི་འགན་སྲུང་ཞིག་རེད་ལ།  དར་ཆ་སྒྲེང་བ་དང་དམངས་སེམས་སྒྲིལ་བ།  མི་གསར་སྐྱོང་བ།  རིག་གནས་དར་སྤེལ།  གཟུགས་བརྙན་མངོན་པ་བཅས་ཀྱི་སྒུལ་ཤུགས་འབྱུང་ཁུངས་ཤིག་ཀྱང་རེད།  ང་ཚོས་ངེས་པར་དུ་བྱེད་སྒོ་དེ་གོ་སྐབས་སུ་རྩིས་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དེ་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་འབྲེལ་བའི་རྨང་གཞིའི་ལས་གཞི་ཞིག་ལ་རྩིས་ཏེ།  གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རྒྱུན་འཁྱོངས་ལྷོད་མེད་ངང་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འདོད་འདུན་དང་སྙིང་སྟོབས་ཆེན་པོ་སྐུལ་སློང་གང་ལེགས་བྱས་ཏེ།  སྣང་ཆེན་བཞི་དང་དགའ་ཞེན་བཞི་མང་ཚོགས་ཀྱི་བསམ་པའི་ཀ་རྟེན་དང་ཡིན་མིན་གྱི་བརྡར་གཅོད།  བྱ་སྤྱོད་ཀྱི་ཚད་གཞི་བཅས་ལ་འགྱུར་བ་བྱས་ཏེ་རྒྱུན་ཆད་མེད་པར་མོས་སེམས་ལྔ་ཆེ་རུ་གཏོང་བ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བློ་ལ་བརྟན་པོར་ངེས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད།  བོད་ཀྱི་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལེགས་སྐྱེས་འབུལ་བ་དང་སྔོན་ཐོན་བརྩོན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]