ལྗོངས་མི་དམངས་འཐུས་ཚོགས་སྐབས༡༡པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས༡༣པ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་བཅུ་གསུམ་པ་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་འོད་ཟེར།  ཅུད་ཅན་ཧྭ།  ལི་ཝུན་ཧན་སོགས་ཚོགས་འདུར་ཕེབས་ཡོད།

ཐེངས་འདིའི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས་ལྗོངས་ཏང་ཨུད་རྩ་འཛུགས་པུའི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་མི་དོན་བྱ་བར་གསལ་བཤད་གནང་བ་རེད།  ཚོགས་འདུའི་ཐོག་བསྐོ་གཞག་བྱ་བ་གཏན་འབེབས་བྱས་ནས་ཀྲང་ཧུང་པོ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱེད་རྒྱུའི་གཏན་འབེབས་བྱས་པ་དང་།  བློ་བཟང་རྒྱལ་མཚན་གྱིས་ཀྲང་ཧུང་པོ་ལ་ལས་གནས་བསྐོ་གཞག་ཡི་གེ་སྤྲད་གནང་བ་རེད།

བློ་བཟང་རྒྱལ་མཚན་ནས་ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས།  ཏང་ནས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དེ་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་བདམས་ཐོན་བསྐོ་འཐེན་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  མི་དོན་བསྐོ་གཞག་ཇུས་གཞིར་གྲོས་བསྡུར་གཏན་འབེབས་བྱས་ནས་མི་དོན་བཀོད་སྒྲིག་གི་འདོད་བློ་བདེ་བླག་ངང་སྒྲུབ་ཡོད་ཅེས་གསུངས་པ་དང་སྦྲགས།  བློ་མཐུན་ཀྲང་ཧུང་པོ་ཡིས་སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་གདེང་ཚོད་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས་རྩ་འཛུགས་ཀྱི་ཡིད་ཆེས་དང་རེ་སྒུག་ལ་སྔར་བས་གཅེས་སྤྲས་དང་།  མི་དམངས་ཀྱིས་སྤྲད་པའི་དབང་ཆ་དང་མངག་བཅོལ་ཟབ་མོར་སྔར་བས་གཅེས་སྤྲས།  དུས་རབས་ཀྱིས་མཁོ་འདོན་བྱས་པའི་གོ་སྐབས་དང་ལས་སྟེགས་ལ་སྔར་བས་གཅེས་སྤྲས་བཅས་བྱས་ཏེ།  ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཐོག  རྩ་ཁྲིམས་ཀྱི་དམ་བཅའ་ནན་པོ་སྲུང་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ཁྲིམས་བཞིན་ལས་སྒྲུབ།  དོན་གཉེར་འགན་ཁུར།  གཞུང་དྲང་སྤྱོད་གཙང་བཅས་ཀྱི་མིག་དཔེ་བཏོན་ཏེ་ལས་གནས་གསར་པའི་ཐོག་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ལེགས་སྐྱེས་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།

ཚོགས་འདུ་གྲོལ་རྗེས་རྡོ་ཐོགས་ཀྱིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་།  གསར་དུ་བསྐོ་གཞག་བྱས་པའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ཡིས་རྩ་ཁྲིམས་ལ་དམ་བཅའ་བཞག་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]