ཏིང་གཡས་ཤན་གྱིས་ཞོ་སྟོན་རིང་གི་བདེ་འཇཌ་འགན་ལེན་དང་ཡུལ་སྐོར་ལས་དོན་ལ་རྟོག་ཞིབ་དང་མི་རིཌ་ཁག་གི་མང་ཚོཌ་དང་མཉམ་དུ་དུས་ཆེན་བཏང་གནང་།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༩ པའི་ཚེས ༡ ཉིན་གྱི་སྔ་དྲོ།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་གཡས་ཤན་གྱིས།  ལྷ་ས་གྲོང་ཁུལ་དུ་ཕེབས་ནས་ཞོ་སྟོན་རིང་གི་བདེ་འཇགས་འགན་ལེན་དང་ཡུལ་སྐོར་ལས་དོན་ཐད་བརྟག་ཞིབ་གནང་བ་དང་།  དུས་ཆེན་རིང་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ངལ་རྩོལ་པར་གཟིགས་པ་དང་ཆབས་ཅིག  མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་དུས་ཆེན་བཏང་ནས་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམ་འདྲི་དང་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཧོ་ཝུན་ཧའོ་དང་པད་མ་དབང་འདུས་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཡོད།

ཏིང་གཡས་ཤན་ནས་སེ་ར་དགོན་དུ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་།  ཁོང་གིས་རྒྱ་ཆེའི་གྲྭ་བཙུན་ཚོས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ།  ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ་དང་དཀའ་སྤྱད་སྒོམ་སྒྲུབ་བྱས་ནས།  ཚད་གཞི་བཞི་ལག་བསྟར་དང་སྒྲིག་བཀུར་ཁྲིམས་སྲུང་གི་མིག་དཔེ་བཏོན་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་།  བློ་ཁ་གཅིག་མཐུན།  བསམ་སྦྱོར་གཅིག་མཐུན་བཅས་བྱས་ནས།  ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་མཐའ་གཅིག་ཏུ་ཕྱེ་དགོས་པའི་ནན་གསུངས་བཤད་གནང་བ་རེད།

བརྟག་ཞིབ་གནང་མཇུག་འགྲིལ་རྗེས་ཏིང་གཡས་ཤན་དང་བཅས་པས་ད་དུང་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་རུ་ཕེབས་ནས་གྲོང་ཁྱེར༼ ས་ཁུལ ༽ཁག་གི་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ་ལ་བརྙན་ལམ་ནས་བཀོད་གཏོང་གནང་བ་དང་།  རྒྱལ་ཁབ་པུའུ་ཨུད་ཀྱི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་འབྲེལ་ཡོད་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་གནང་ནས།  ལས་དོན་གྱི་དུས་བབ་དབྱེ་ཞིབ་ཀྱིས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་པའི་ཐད་སླར་ཡང་ནན་བཤད་དང་སླར་ཡང་བཀོད་སྒྲིག་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]