ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བོད་སྐྱོད་རྟོག་ཞིབ་ཚོཌ་ཆུང་དང་བཞུཌ་མོལ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཉེ་དུས།  རྒྱལ་ཡོངས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བོད་སྐྱོད་རྟོག་ཞིབ་ཚོགས་ཆུང་དང་སྤེལ་རེས་བཞུགས་མོལ་གྱི་ཚོགས་འདུ་བསྐོང་ཚོགས་བྱས་པ་རེད།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་པུའུ་རིམ་པ་གཞོན་པའི་ཆེད་བསྐོས་ཨུ་ཡོན། ཞིབ་འཇུག་ཁང་གི་ཀྲུའུ་རེན་དབན་ཁྲུན་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ཞིབ་དཔྱོད་དཔོན་ཀྲུའུ་ཡ་བིང་རྣམ་གཉིས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད།

བརྟག་ཞིབ་ཚོགས་ཆུང་ནས།  བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིབ་དཔྱོད་ལས་དོན་ནན་ཏན་སྒྲུབ་དགོས་པ་དང་།  ཁྲིམས་འཛིན་སྒྲིག་གཞི་བསྒྱུར་བཅོས་ལ་སྐུལ་སྤེལ་གང་མགྱོགས་བཏང་ནས་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་དགོས་པ།  ཞིབ་དཔྱོད་ཀྱི་རིག་གཞུང་ཞིབ་འཇུག་ལ་མཐོང་ཆེན་དང་ཤུགས་སྣོན་རྒྱག་དགོས་པ།  ཁྲིམས་དང་སྒྲིག་ལམ་ལྟར་ཞིབ་དཔྱོད་ཀྱི་གྲོས་འགོ་དོན་འཁྱོལ་ལ་སྐུལ་སྤེལ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།  ཀྲུའུ་ཡ་བིང་ནས་བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཚད་ཡོད་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བཏང་ནས།  ཐོན་ཁུངས་ལེགས་ཆ་གཅིག་བསྡུས་བྱེད་པ་དང་ཁ་གཏད་བོད་སྐྱོར་གྱི་ལེགས་ཆར་བརྟེན་པ།  ཆ་འཕྲིན་ཅན་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ།  ཁྲིམས་འཛིན་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ཞིབ་དཔྱོད་ལས་ཀ་དུས་རབས་གསར་པར་ཕྱོགས་ཆེད་གསར་གཏོད་གོང་འཕེལ་ཡོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།  བོད་དུ་བཞུགས་རིང་བརྟག་ཞིབ་ཚོགས་ཆུང་གིས་ད་དུང་ཁ་གཏད་འབྲེལ་གཏུགས་ས་ཚིགས་ལྷ་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་དུ་སྐྱོད་དེ་བོད་ཀྱི་གཞི་རིམ་ཞིབ་དཔྱོད་ལས་ཀའི་གནས་ཚུལ་ཐད་རྟོག་ཞིབ་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]