ལྗོངས་མི་དམངས་འཐུས་ཚོགས་སྐབས༡༡པས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས༣༦པ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༧ ཉིན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་སོ་དྲུག་པ་གཙོ་སྐྱོང་གནང་ནས།  རང་ལྗོངས་ཀྱི་མི་རིགས་ཁྱབ་ཁོངས་ནང་ཁྲིམས་འཛུགས་ཀྱི་འབྲེལ་ཡོད་ལས་ཀར་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། 
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འོད་ཟེར་དང་ཞུལ་ཞོལ་ཀོང་།  ཅུད་ཅན་ཧྭ།  ལི་ཝུན་ཧན།  ཝང་ཅུན་བཅས་ཚོགས་འདུར་ཕེབས་ཡོད། 
བློ་བཟང་རྒྱལ་མཚན་གྱིས་རང་ལྗོངས་ཀྱི་མི་རིགས་ཁྱབ་ཁོངས་ནང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཁྲིམས་བཞིན་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་བྱ་གཞག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད།  ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་མི་རིགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལས་དོན་དེ་ད་ལོའི་ཁྲིམས་འཛུགས་འཆར་གཞིའི་ནང་བཅུག་སྟེ།  མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་ལས་ཀའི་ལས་དོན་གལ་ཆེ་ཤོས་ཤིག་ལ་བརྩི་དགོས་པའི་མཛུབ་སྟོན་གནང་བ་རེད། 
བློ་བཟང་རྒྱལ་མཚན་གྱིས་ང་ཚོས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་བྱེད་པའི་མཐོ་ཚད་ཐོག་ནས།  མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འཛུགས་ལས་དོན་ཡག་པོ་སྒྲུབ་པའི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་དང་ཁ་ཚ་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་ཐུབ་པ་བྱས་ཏེ།  སྟོབས་ཤུགས་ཧྲག་འཛུགས་བྱས་ན
ས་མི་རིགས་ཁྱབ་ཁོངས་སུ་ཁྲིམས་འཛུགས་ལས་ཀར་སྐུལ་འདེད་ནུས་ལྡན་གཏོང་དགོས་པ་དང་།  ཁྲིམས་འཛུགས་ལས་ཀར་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཐོག  མི་རིགས་ལས་དོན་ཐད་ཀྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་བོད་ལྗོངས་སྐྱོང་རྒྱུའི་ཏང་གི་ཇུས་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།  ཏང་གི་འགོ་ཁྲིད་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འཛུགས་ལས་ཀའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ཁྱབ་ཐུབ་པ།  ཁྲིམས་འཛུགས་ལས་ཀའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་འགན་སྲུང་ཐུབ་པ་བྱེད་དགོས་པ།  ཏང་ཨུད་ཀྱི་འགོ་ཁྲིད་པ་དང་མི་དམངས་འཐུས་ཚོགས་ཀྱི་གཙོ་བོ་བྱེད་པ།  སྲིད་གཞུང་ལ་བརྟེན་པ།  ཕྱོགས་ཁག་ཐེ་ཞུགས་བཅས་ཀྱི་ས་གནས་ཁྲིམས་འཛུགས་ལས་ཀའི་ལམ་སྲོལ་རྒྱུན་འཁྱོངས་བྱས་ཏེ།  ལུགས་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས།  ཁྲིམས་བཞིན་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།  རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་ཀའི་ཉམས་མྱོང་བཟང་པོར་ཕྱོགས་བསྡོམས་ནན་ཏན་བྱས་ནས་ལས་ཀའི་སྤུས་ཚད་དང་ལས་ཆོད་མཐོ་རུ་ཏན་ཏིག་བཏང་སྟེ།  ཁྲིམས་སྲོལ་བདེ་བླག་ངང་བཏོན་ནས་ལག་བསྟར་ཐུབ་པ་བྱས་ཏེ་རང་ལྗོངས་ཀྱི་མི་རིགས་ལྷིང་འཇགས་མཐུན་སྒྲིལ་དང་ཞི་མཐུན་གོང་འཕེལ་གྱི་དུས་བབ་སྲ་བརྟན་དང་།  གོང་འཕེལ་གཏོང་རྒྱུར་ཁྲིམས་ལུགས་ཀྱི་འདེགས་སྐྱོར་ཤུགས་ཆེ་འདོན་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]