རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོཌ་ཆུང་གི་ད་ལོའི་དབུལ་གྲོལ་འགག་སྒྲོལ་ལྟ་ཞིབ་སྐོར་ཞིབ་ཚོཌ་ཆུང་གིས་ཉིང་ཁྲིར་སྐོར་ཞིབ་ལས་དོན་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་སྤྱི་ལོ ༢༠༡༩ ལོའི་དབུལ་གྲོལ་འགག་སྒྲོལ་ལྟ་ཞིབ་སྐོར་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་པུའུ་ཀྲང་གཞོན་པ་ཅང་དབན་རུང་དང་བཅས་པས་ཉིང་ཁྲི་གྲོང་ཁྱེར་དུ་སྐོར་ཞིབ་ལས་དོན་སྤེལ་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་དང་འབྲེལ་ཡོད་འགན་འཁུར་བ་ལྷན་དུ་ཕེབས་ཡོད།།

ལྟ་ཞིབ་སྐོར་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་སྨན་གླིང་རྫོང་དང་ཀོང་པོ་རྒྱ་མདའ་རྫོང་སོགས་སུ་དུད་ཚང་དུ་ཟབ་སྐྱོད་ངང་དབུལ་སྐྱོར་ཐོན་ལས་གོང་འཕེལ་དང་དབུལ་ཕོངས་དུད་ཚང་གི་བུ་ཕྲུག་སློབ་གྲྭར་ཞུགས་པ།  སྨན་བཅོས་འགན་སྲུང་རོགས་སྐྱོབ།  དབུལ་སྐྱོར་གནད་འཕིགས་དངུལ་བུན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།  ཅང་དབན་རུང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་དབུལ་གྲོལ་འགག་སྒྲོལ་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས།  ཕྱོགས་ཡོངས་ནས་དབུལ་གྲོལ་འགག་སྒྲོལ་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་བྱས་ནས།  བྱེད་མཁས་ལ་རྗེས་འབྲས་ཐོན་པའི་ཧུར་སེམས་དང་འགག་སྒྲོལ་ཡོང་བ་བྱེད་པའི་རྣམ་པའི་ཐོག་ནས།  ནུས་ཤུགས་ཡོད་རྒུས་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ནོར་བུ་དོན་གྲུབ་ནས་རིམ་ཁག་ཚན་པ་ཁག་གིས་སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་གྱི་དབུལ་གྲོལ་ཚད་གཞི་དང་དམ་པོར་བསྟུན་ནས།  དབུལ་ཕོངས་གྲོང་ཚོ་དང་དུད་ཚང་དབུལ་གྲོལ་གྱི་དམིགས་ཚད་ལ་ཚད་འཛིན་བྱས་ནས་གྲོང་ཚོ་དང་དུད་ཚང་།  མི།  རྣམ་གྲངས་བཅས་རེ་རེ་བཞིན་ཞིབ་བཤེར་ནན་ཏན་བྱས་ནས་དབུལ་གྲོལ་གྲུབ་འབྲས་ལ་ཤུགས་རྐྱེན་བཟོ་བའི་རིགས་ཁག་གི་གནད་དོན་བཅོས་སྒྲིག་ནན་ཏན་བྱེད་པ་དང་།  རོགས་སྐྱོར་བྱ་ཐབས་ཞིབ་ཕྲ་བཟུང་སྟེ་ད་ལོའི་ལོ་མཇུག་ཏུ་གཞི་རྩའི་ཆ་ནས་དབུལ་པོ་དབུལ་རྐྱང་མེད་པ་བཟོ་ཐུབ་པ་དང་དུས་བཀག་ལྟར་དབུལ་གྲོལ་འགག་སྒྲོག་ལ་རྒྱལ་ཁ་ལེན་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]