ཀྲོང་ཡན་གྱིས་དུས་ཆེན་རིང་གི་ཁྲོམ་རའི་ཚོང་ཟོག་མཁོ་སྤྲོད་དང་བཟའ་བཅའི་བདེ་འཇཌ་ཐད་རྟོག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་སྤྱི་བདེ་པུའུ།  སློབ་གསོ་པུའུ།  ཞིང་ལས་གྲོང་གསེབ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་པར་འགྲེམས་བྱས་པའི་བཟའ་བཅའི་བདེ་འཇགས་གནད་དོན་བཅོས་སྒྲིག་བྱེད་རྒྱུའི་སྐོར་གྱི་མཉམ་འབྲེལ་བྱ་སྤྱོད་ཀྱི་ཛ་དྲག་བརྡ་ཐོའི་བླང་བྱར་གཞིགས་ནས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་བཟའ་བཅའ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲོང་ཡན་གྱིས།  ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་དུ་སྒོ་རྩིས་ཚོང་ཁང་དང་ཞིང་ཞོར་ཐོན་རྫས་ཁྲོམ་ར།  བཟའ་བཅའ་ཐོན་སྐྱེད་ཁེ་ལས།  སློབ་གྲྭ་བཅས་ཁག་ཅིག་ཏུ་ཕེབས་ནས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་རིང་གི་ཁྲོམ་རའི་ཚོང་ཟོག་མཁོ་སྤྲོད་དང་ཟོག་གོང་།  བཟའ་བཅའི་བདེ་འཇགས་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

ཀྲོང་ཡན་ནས་ཁ་བཏགས་ཉོ་སྒྲུབ་ཐང་ཆེན་གྱི་སྒོ་རྩིས་ཚོང་ཁང་དང་གནམ་གཤིས་ལས་ཁུངས་ཀྱི་ཞིང་ཞོར་ཐོན་རྫས་ཁྲོམ་རར་ཉོ་ཆ་རྒྱག་མཁན་གྲོང་མི་མང་པོ་དང་སྤེལ་རེས་གནང་སྟེ།  བཟའ་བཅའ་མཁོ་སྤྲོད་དང་ཟོག་གོང་གི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་ཆབས་ཅིག  ཚན་པ་ཁག་གིས་བཟའ་བཅའི་བདེ་འཇགས་ཀྱི་ཞིབ་བཤེར་ཚད་ལེན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལས་དོན་ཏན་ཏིག་དང་ཞིབ་ཕྲ་སྤེལ་ཏེ།  ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོང་བ་དང་ཟོག་གོང་བརྟན་པོ་ཡོང་བ་བྱེད་དགོས་ཞེས་པའི་བླང་བྱ་བཏོན་གནང་བ་རེད།

ཀྲོང་ཡན་ནས་སྟག་རྩེ་བཟོ་ལས་གླིང་བོད་ལྗོངས་ཧུང་ཧྥ་བཟང་ཏོག་ཟས་རིགས་མ་རྐང་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཉི་འོད་གཞིས་ཀའི་ཞིང་འབྲོག་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་གཉིས་པོའི་ཐོན་སྐྱེད་འཁོར་ཁང་དུ་མ་རྒྱུ་ཉོ་སྒྲུབ་དང་བཟའ་བཅའ་ལས་སྣོན།  བྲིན་ཚོང་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་སྦྲགས།  བཟའ་བཅའ་ཐོན་སྐྱེད་ཁེ་ལས་ཀྱིས་སྤུས་ལེགས་ཐོན་རྫས་དང་སྤུས་རྟགས་གཏོད་དེ་ཁྲོམ་ར་རྒྱུན་མཐུད་རྒྱ་ཆེར་གཏོང་དགོས་ཞེས་གསུངས་པ་རེད།

ཀྲོང་ཡན་ནས་ལྷ་ས་མངའ་རིས་མཐོ་རིམ་སློབ་འབྲིང་གི་ཟ་ཁང་དུ་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས།  སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་སྣང་ཆུང་བྱེད་མི་རུང་བས།  རིམ་ཁག་རིགས་ཁག་གི་སློབ་གྲྭ་དང་རིམ་ཁག་ལྟ་འདོམས་ཚན་པས་ཚད་གཞི་ཅན་གྱི་བརྒྱུད་རིམ་ལ་བརྟེན་ནས་བཟའ་བཅའི་བདེ་འཇགས་ལམ་ལུགས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།  སློབ་མ་ཚོའི་བཟའ་བཅའི་བདེ་འཇགས་འགན་སྲུང་ཏན་ཏིག་བྱེད་དགོས་པའི་བཀའ་མངག་གནང་བ་རེད།

ཀྲོང་ཡན་ནས་ཁྲོམ་རའི་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཟུར་བཤེར་བྱེད་ཐེངས་མང་དུ་དང་ཟུར་བཤེར་བྱེད་ཁྱོན་ཆེ་རུ་གཏོང་དགོས་པ་དང་།  ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་དམ་འཛིན་ནན་པོ་དང་ཚོང་པའི་ཚོང་གཉེར་བྱ་སྤྱོད་ཚད་ལྡན་བཟོས་ཏེ།  ཁྲོམ་རའི་རིན་གོང་བརྟན་པོ་ཡོང་བ་བྱེད་དགོས་པ།  སྨྱན་སྦྱོར་ཚན་པའི་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་ཚང་མས་བཟའ་བཅའི་བདེ་འཇགས་ལ་དོ་ཁུར་བྱེད་པ་དང་།  བཟའ་བཅའི་བདེ་འཇགས་བཅོས་སྐྱོང་ནང་ཞུགས་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]