ཏིང་གཡས་ཤན་ནས་ལྗོངས་སྲིད་གྲོས་རིམ་གཉིས་ཏང་ཙུའི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོཌ་ཆུང་གི་ད་ལོའི་སློབ་སྦྱོང་ཚོཌ་འདུ་ཐེངས༨པ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས།  ལྗོངས་སྲིད་གྲོས་རིམ་གཉིས་ཏང་ཙུའི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སྤྱི་ལོ ༢༠༡༩ ལོའི་སློབ་སྦྱོང་ཚོགས་འདུ་ཐེངས ༨ པ་གཙོ་སྐྱོང་གནང་ནས།  སྤྱི་ལོ ༢༠༡༩ ལོའི་སྟོན་ཀའི་སློབ་དུས་སུ་ཀྲུང་དབྱང་ཏང་གི་སློབ་གྲྭའི་གཞོན་དར་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།  ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བདའ་འདེད་སྲོལ་ཡིག  རྒྱལ་ཡོངས་སྲིད་གྲོས་ཀྱི་དབུ་ཁྲིད་བློ་མཐུན་ཚོས་ཀྲུང་གོ་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ལྷན་གྱི་སྐབས་ལྔ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད།  ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡི་འབྲེལ་ཡོད་བཀའ་མཆན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀའོ་ཡང་དང་བློ་བཟང་འགྱུར་མེད།  སྒྲོལ་དཀར་བཅས་ཚོགས་འདུར་ཕེབས་ཡོད།  སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་བཀྲ་ཤིས་ཟླ་བ་རྣམ་གཉིས་ཚོགས་འདུར་ཟུར་བཞུགས་གནང་ཡོད།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ།  ཏང་ཡོན་ཨུ་ཡོན་བཅས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་ངང་།  འགན་འཁྲི་བདའ་འདེད་སྲོལ་ཡིག་གི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མིས་འགག་གནས་ཁག་དཔེ་སྟོན་བྱས་ནས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  ཏང་དོ་དམ་དང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཏན་ཏིག་འཁུར་དགོས་པའི་མཛུབ་སྟོན་བྱས་པ་རེད། 
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཐེ་ཞུགས་ཚན་པ་ཁག  རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་དང་།  ལྷག་པར་དུ་ཆོས་ལུགས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་རྣམ་པས་ཏང་གིས་འགོ་ཁྲིད་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཆེད་མངག་གྲོས་མོལ་ཚན་པའི་དམིགས་བསལ་གྱི་ལེགས་ཆ།  ཐབས་ལམ་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ།  ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་དང་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་འགན་འཁྲི་སྒྲུབ་རྒྱུར་ཟུང་འབྲེལ་བྱེད་རྒྱུའི་ཐད་གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་དང་།  ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་མཛད་ཕྱོགས་དང་ཏང་གིས་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་རྒྱུ།  ཁྲིམས་ལྟར་ཆོས་ལུགས་ལས་ཀར་སྐུལ་འདེད་གཏོང་རྒྱུ་བཅས་རྒྱུན་འཁྱོངས་བྱས་ནས།  བོད་བརྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་བྱས་ཡོད།      

ཚོགས་འདུའི་ཐོག་ད་དུང་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་འབྲེལ་ཡོད་བརྡ་ཁྱབ་བརྒྱུད་བསྒྲགས་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]