ཏིང་གཡས་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་རང་སྐྱོང་ལྗོངས་ཀྱི་ཚོགས་ཆེན་དང་མང་ཚོགས་མཉམ་སྤྲོའི་བྱེད་སྒོའི་ཆེད་དོན་ཚོགས་འདུ་འཚོགས་གནང་སྟེ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་རང་སྐྱོང་ལྗོངས་ཀྱི་ཚོགས་ཆེན་དང་མང་ཚོགས་མཉམ་སྤྲོའི་བྱེད་སྒོའི་གྲོས་འགོ་དང་ཇུས་གཞིར་ཞིབ་འཇུག་གནང་བ་དང་ལས་དོན་བཀོད་སྒྲིག་གནང་ཡོད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ཧོ་ཝུན་ཧའོ་དང་ལིའུ་ཅང་རྣམ་གཉིས་ཚོགས་འདུར་ཕེབས་ཡོད།

ཏིང་གཡས་ཤན་ནས་གྲོང་ཁྱེར༼ ས་ཁུལ ༽ཁག་དང་ཚན་པ་ཁག་གིས་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡི་བཀའ་སློབ་ཀྱི་དགོངས་དོན་གཞིར་བཟུང་།  གཅིག་ནས་དམིགས་ཚད་ལས་འགན་ཁ་གསལ་བཟོས་ཏེ་རྟེན་འབྲེལ་ཆེ་མོའི་བྱེད་སྒོའི་བརྗོད་དོན་གཙོ་བོར་དམིགས་ནས་བྱེད་སྒོའི་ཇུས་གཞི་གང་མགྱོགས་བཟོ་བཅོས་དང་འཐུས་ཚང་བཟོ་དགོས་པ་དང་།  གཉིས་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལས་བགོས་ཞིབ་ཚགས་དང་འགན་འཁྲི་ཁ་གསལ་བཟོས་ཏེ།  སྦྱར་ཡིག་དང་འགྲེམ་པང་འདོན་ཚད་མང་དུ་གཏོང་བ་དང་མཐུན་སྦྱོར་མཉམ་འགུལ་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།  གསུམ་ནས་ལེ་ཚན་ལེགས་འདེམས་དང་བྱེད་སྒོ་སྤེལ་གནས་གཙོ་བོའི་འཆར་འགོད་བྱེད་པའི་ལས་དོན་ཡག་པོ་སྤེལ་ནས།  བྱེད་སྒོ་ཁག་གཙོ་དོན་དང་བསྟུན་པ་དང་ནང་དོན་འབྲེལ་མཐུད་ཐོགས་པ་མེད་པ།  སྦྱར་ཡིག་བེད་སྤྱོད་ཚད་དང་ལྡན་པ།  ལེ་ཚན་སྤུས་ཀ་ལེགས་ལ་ཁྱད་ཆོས་ལྡན་པ།  བྱེད་སྒོ་སྤེལ་གནས་ཀྱི་བྱེད་ནུས་སྤྱོད་སྒོ་ཆེ་བ་བཅས་ཡོང་བ་བྱེད་དགོས་པ།  བཞི་ནས་ས་གནས་ཀྱི་ཁྱད་ཆོས་མངོན་ཆེར་འཛིན་ཏེ་ས་ཁུལ་ཁག་དང་མི་རིགས་ཁག་གི་མང་ཚོགས་རྣམས་རྣམ་པ་སྣ་ཚོགས་ཐོག་ནས་རྟེན་འབྲེལ་བྱེད་སྒོའི་ནང་རྒྱ་ཁྱབ་ངང་ཞུགས་རྒྱུར་སྒྲིག་འཛུགས་སྐུལ་སློང་བྱེད་དགོས་པ།  ལྔ་ནས་དྲིལ་བསྒྲགས་གཏོང་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཀྲུང་དབྱང་དང་ལྗོངས་ནང་ཁུལ་གྱི་གཙོ་རྒྱུན་སྨྱན་སྦྱོར་དང་མཐུན་སྦྱོར་ཧུར་ཐག་བྱས་ནས།  རྟེན་འབྲེལ་ཆེ་མོར་བསུ་བ་ཞུ་བའི་མུ་འབྲེལ་དྲིལ་བསྒྲགས་གཏོང་སྤེལ་ལས་དོན་གཏིང་ཟབ་སྤེལ་དགོས་པ།  དྲུག་ནས་དགའ་སྤྲོ་འཆམ་མཐུན་ཡོང་བ་བྱེད་པ་དང་བརྟན་ལྷིང་དང་བདེ་འཇགས་གལ་ཆེ་ཤོས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  གཏོགས་ཁོངས་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་ཡག་པོ་སྤེལ་ནས།  རྟེན་འབྲེལ་ཆེ་མོའི་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་ཡོང་རྒྱུར་ཆ་རྐྱེན་བཟང་པོ་སྐྲུན་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]