ཀྲོང་ཡན་གྱིས་འབབ་ཐང་གི་ཡན་ལག་ལམ་ཐིག་གསུམ་དང་རྒྱུག་ལམ་གཅིག་འཛུཌ་སྐྲུན་རྣམ་གྲངས་ཀྱི་སྐུལ་སྤེལ་ཚོཌ་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་གནམ་ཐང་འཇུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀྲོང་ཡན་གྱིས།  འབབ་ཐང་གི་ཡན་ལག་ལམ་ཐིག་གསུམ་དང་རྒྱུག་ལམ་གཅིག་གི་འཛུགས་སྐྲུན་རྣམ་གྲངས་ཀྱི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་ནས།  རྣམ་གྲངས་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་རྣམ་གྲངས་འཇུགས་སྐྲུན་གྱི་འབྲེལ་ཡོད་བྱ་བར་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད།

ཀྲོང་ཡན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་།  ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་འབྲེལ་བ་ཆ་བཅུ་གསུམ་ཐག་གཅོད་ཡག་པོ་བྱེད་རྒྱུས་རྩ་བའི་བྱ་ཐབས་བྱས་ཏེ་དམིགས་ཚད་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།  འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ཐོག  རྣམ་གྲངས་སྔ་ཙམ་འཛུགས་སྐྲུན་བྱས་ཏེ་མང་ཚོགས་ལ་ཕན་པ་སྐྲུན་དགོས་པའི་ནན་གསུངས་གནང་བ་རེད།

ཚོགས་འདུའི་ཐོག་འབྲེལ་གཏུགས་འབྲེལ་མཐུད་ཀྱི་སྙན་ཞུ་གང་མགྱོགས་ཕུལ་ནས་རྣམ་གྲངས་ཞིབ་མཆན་གཉེར་སྒྲུབ་ཀྱི་མྱུར་ཚད་མགྱོགས་སུ་གཏོང་དགོས་པ་དང་།  རྒྱལ་ཁབ་ཀྱི་ཚད་གཞི་ལྟར་འབྲེལ་ཡོད་ལས་དོན་སྤེལ་ནས།  ཁྲིམས་སྲོལ་དང་གཏན་འབེབས་གཞིར་གཟུང་ས་ཆ་བསྡུ་སྤྱོད་སོགས་ཀྱི་གནད་དོན་ཐག་གཅོད་གང་མགྱོགས་བྱེད་དགོས་པ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ནས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་གི་ཞིབ་དཔྱད་སོགས་ཀྱི་འབྲེལ་ཡོད་ལས་དོན་དམ་འཛིན་བྱས་ཏེ།  རྣམ་གྲངས་འཛུགས་སྐྲུན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གཉིས་ཟུང་འབྲེལ་བྱེད་དགོས་པ།  རྟ་སྒ་ཆ་སྒྲིག་གི་ལས་གཞི་དང་གཙོ་རྐང་ལས་གཞི་དུས་གཅིག་ཏུ་སྐྲུན་པ་དང་དུས་གཅིག་ཏུ་ཕན་ནུས་ཐོན་པ་བྱེད་དགོས་པ།  བརྟན་ལྷིང་ཨང་དང་པོར་བཞག་ནས་མཐའ་ཚད་འཛིན་སེམས་དང་རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱེད་དགོས་པ།  མང་ཚོགས་ཀྱི་བསམ་བློ་ཆབ་སྲིད་ལས་དོན་སྔར་བས་ཡག་པོ་སྒྲུབ་སྟེ་སྤྱི་ཚོགས་ཡོངས་ཀྱིས་འབབ་ཐང་གི་ཡན་ལག་ལམ་ཐིག་གསུམ་དང་རྒྱུག་ལམ་གཅིག་འཛུགས་སྐྲུན་ལ་བསམ་ཤེས་དང་དོ་ཁུར།  རྒྱབ་སྐྱོར་བཅས་བྱེད་པའི་རྣམ་པ་བཟང་པོ་ཆགས་པ་བྱས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་རྟེན་འབྲེལ་ཞུ་ཆེད།  བདེ་འཇགས་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཁོར་ཡུག་ཞིག་གཏོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]