ཏིང་གཡས་ཤན་གྱིས་ལྷ་སར་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ཐད་བརྟག་ཞིབ་དང་མཛུབ་ཁྲིད་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་ཏང་ཨུད་སྐོར་བསྐྱོད་མཛུབ་ཁྲིད་ཚོགས་ཆུང་དང་པོའི་ཙུའུ་ཀྲང་ཏིང་གཡས་ཤན་གྱིས་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་དང་ལས་ཁུངས།  སྡེ་ཁུལ།  གཞུང་ཁོངས་ཁེ་ལས་སོགས་སུ་ཕེབས་ནས་དུས་ཁག་གཉིས་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོར་བརྟག་ཞིབ་མཛུབ་ཁྲིད་གནང་བར་ཕེབས་པ་རེད།

ཏིང་གཡས་ཤན་གྱིས་ལྷ་ས་གྲོང་ཁྱེར་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ཕེབས་ནས།  སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་སློབ་གསོའི་ཐད་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་ཕྱིར་དྲན་གནང་བ་བརྒྱུད།  གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་སྲུང་ནས་འགན་འཁྲི་སྒྲུབ་པའི་གཏམ་རྒྱུས་གླེང་གནང་བ་རེད།  ཁོང་ནས་སློབ་གྲྭ་ཁག་གིས་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ།  བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་དགོས་པ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་སྒྲུབ་ཐོག་ཀུན་སྤྱོད་དང་རིག་གནས།  ལུས་རྩལ།  སྒྱུ་རྩལ།  ངལ་རྩོལ་བཅས་ཕྱོགས་ཡོངས་གོང་འཕེལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་པ་དང་རྒྱུན་འཛིན་པ་སྔར་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཏིང་གཡས་ཤན་ནས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བརྗོད་དོན་གཙོ་བོའི་སློབ་གསོར་བརྟག་ཞིབ་མཛུབ་ཁྲིད་གནང་སྐབས།  སྲིད་ཁྲིམས་ཁོངས་གཏོགས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱས་ཏེ།  སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་བཏང་སྙོམས་དྲང་བདེན།  མི་དམངས་བདེ་སྡོད་ལས་ཞེན་བཅས་ཀྱི་ལས་འགན་གཙོ་བོ་སྒྲུབ་དགོས་པ་དང་།  ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་ལྗོངས་སྐྱོང་བའི་གཙོ་གནད་ལས་འགན་ལ་སྟངས་འཛིན་ཡང་དག་བྱེད་པ་དང་སྲིད་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱས་ཏེ།  ཁྲིམས་སྐྱོང་ཅན་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་མཛུབ་སྟོན་གནང་བ་རེད།

བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན་དུ།  ཁྲེན་ཀོང་ཆུས་རྗེ་འབུམ་སྒང་སྡེ་ཁུལ་གྱིས་ཉེ་འཁོར་མིས་ཉེ་འཁོར་གྱི་བྱ་བ་གླེང་བ་དང་ཉེ་འཁོར་གྱི་བྱ་བའི་ཐོག་ནས་ཉེ་འཁོར་གྱི་མི་ལ་སློབ་གསོ་གཏོང་བའི་རྣམ་པ་བརྒྱུད་སྡེ་ཁུལ་གྱི་གྲོང་མིས་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལག་ལེན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད།  ཏིང་གཡས་ཤན་ནས་མང་ཚོགས་ཀྱི་བདེ་སྣང་དང་ཐོབ་སྣང་།  སྐྱིད་སྣང་བཅས་རྒྱུན་ཚད་མེད་པར་ཆེ་རུ་གཏོང་བ་དང་།  ཐབས་ལམ་སྣ་ཚོགས་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ངང་།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ལེན་པའི་མཉམ་ཤུགས་ཆེ་མོ་གཅིག་སྒྲིལ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཏིང་གཡས་ཤན་ནས་ད་དུང་གཡུ་ཐོག་ལམ་དུ་ཡོད་པའི་ས་གཙང་ཚོང་ཁྲོམ་དུ་ཕེབས་ཏེ།  ས་གཙང་ཐོན་ལས་ཚོགས་པའི་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་ཚུལ་ཐད་མཁྱེན་རྟོགས་གནང་སྐབས།  ཁྱད་ལྡན་གྱི་ཚོང་རྟགས་ཡག་པོ་གཏོད་པ་དང་ལེགས་ཆར་བརྟེན་ནས་དགོས་མེད་ཀྱི་འགྲན་རྩོད་མི་ཐོན་པ་བྱེད་དགོས་པ་དང་།  མ་གནས་ཞིབ་རྩིས་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་གཞུང་ཁོངས་རྒྱུ་ནོར་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ།  འགྱུར་ལྡོག་སྤུ་ཙམ་ཡང་མི་གཏོང་བ་གཉིས་རྒྱུན་འཁྱོངས་བྱས་ནས་དམངས་གཉེར་དཔལ་འབྱོར་སྤུས་ལེགས་གོང་འཕེལ་བཏང་སྟེ།  ཐོན་ལས་གོང་འཕེལ་དེ་ཉིད་མི་དམངས་འབབ་འཕར་ཕྱུག་གྱུར་གྱི་ཐབས་ལམ་བཟང་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཏིང་གཡས་ཤན་གྱིས་ད་དུང་རྒྱ་སྟག་ར་མོ་ཆེར་ཕེབས་ནས་རིག་དངོས་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས་སོགས་ཀྱི་ལས་ཀར་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]