རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཏན་ཏིག་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས།  སྤྱི་ལོ ༢༠༡༩ ལོའི་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་གྲ་སྒྲིག་ལས་ཀའི་གནས་ཚུལ་ཉན་པ་དང་འབྲེལ་ཡོད་ལས་ཀར་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 
རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་སྤེན་པ་བཀྲ་ཤིས་དང་བློ་བཟང་གྱུར་མེད་རྣམ་གཉིས་ཚོགས་འདུར་ཕེབས་ཡོད། 
ཏིང་གཡས་ཤན་གྱིས་རིམ་ཁག་ཚན་པ་ཁག་ནས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གོང་བུ་གཅིག་གྱུར་ལ་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་བྱེད་རྒྱུ་དེ་མི་རིགས་ཁག་གི་རྩ་བའི་ཁེ་ཕན་ལ་རྩིས་ཏེ།  ཀྲུང་གོའི་ཁྱད་ཆོས་ཐོག་ནས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུ་རྒྱུན་འཁྱོངས་བྱས་ནས་ཟུང་འབྲེལ་གཉིས་དང་ཐུན་མོང་གཉིས།  མོས་སེམས་ལྔ།  ཁ་བྲལ་ཐབས་མེད་པ་གསུམ་སོགས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།  འདྲ་མཉམ་དང་མཐུན་སྒྲིལ།  རོགས་རེས།  ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་མི་རིགས་ཀྱི་འབྲེལ་བ་སྲ་བརྟན་དང་གོང་འཕེལ་གཏོང་དགོས་པ།  དྲིལ་བསྒྲགས་སློབ་གསོ་དང་སྐུལ་ལྕག་གཟེངས་བསྟོད་བྱེད་རྒྱུས་གཞི་བརྟེན་བྱེད་པ།  མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་གཏོད་རྒྱུས་དམིགས་ཚད་བྱས་ཏེ་བོད་ཀྱི་མི་རིགས་ལས་ཀའི་ཆོས་ཉིད་ལ་ཞིབ་འཇུག་སྟངས་འཛིན་བྱས་ཐོག  མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཏན་ཏིག་སྤེལ་ནས་མི་རིགས་ཁག་དབར་གྱི་འགྲོ་འོངས་དང་སྤེལ་རེས།  མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་པ།  ལས་ཀའི་འགན་སེམས་ཆེ་རུ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ་གཟེངས་བསྟོད་ཚོགས་ཆེན་ཐུགས་གྲ་ལེགས་སྒྲིག་ཡོང་བ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]