སྤེན་པ་བཀྲ་ཤིས་ཀྱིས་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དུ་དྲ་རྒྱའི་དྲིལ་བསྒྲགས་དང་བདེ་འཇགས་ལས་ཀར་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་། ལྗོངས་མཉམ་སྦྲེལ་དྲ་རྒྱའི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སྤེན་པ་བཀྲ་ཤིས་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དུ་ཕེབས་ཏེ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་དྲ་རྒྱའི་དྲིལ་བསྒྲགས་དང་བདེ་འཇགས་ལས་ཀར་བརྟག་ཞིབ་གནང་བ་མ་ཟད་ཆེད་དོན་ཚོགས་འདུ་ཡང་འཚོགས་ནས།  རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བཀའ་སློབ་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་རེད།

སྤེན་པ་བཀྲ་ཤིས་ནས་ལྗོངས་ཡོངས་ཀྱི་དྲ་འཕྲིན་ཁོངས་གཏོགས་ཀྱིས་དྲ་ཐོག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ་དྲ་ཐོག་གི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ནས།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་དྲ་རྒྱའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ལ།  དྲ་རྒྱའི་བདེ་འཇགས་ལ་མཐོང་ཆེན་བྱས་ཏེ་བྱ་ཐབས་སྔར་བས་ནུས་ལྡན་དང་སྒྲིག་ཁྲིམས་ནན་པོའི་སྒོ་ནས་རྒྱལ་སྟོན་རིང་གི་དྲ་རྒྱའི་བདེ་འཇགས་འགན་སྲུང་བྱེད་དགོས་པའི་ཐད་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]