ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུས་ད་ལོའི་ཚོགས་འདུ་ཐེངས་བཅུ་དགུ་པ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༧ ཉིན།  རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུས་སྤྱི་ལོ ༢༠༡༩ ལོའི་ཚོགས་འདུ་ཐེངས་བཅུ་དགུ་པ་འཚོགས་ནས།  ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་ལྗོངས་ཡོངས་སུ་གཅིག་གྱུར་འཆར་འགོད་བེད་སྤྱོད་དང་གནས་སྤོས་དབུལ་སྐྱོར་ས་ཚིགས་འཛུགས་སྐྲུན།  ཆ་འཕྲིན་མ་ལག་ནང་ཆ་འཕྲིན་གནད་འཕིགས་འཇུག་པ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད།  དབུལ་གྲོལ་འགག་སྒྲོལ་ལས་ཀའི་ནང་གནས་པའི་མངོན་གསལ་དོད་པའི་གནད་དོན་བཤེར་འདོན་བྱས་ཡོད་ལ་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། 
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ།  ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་པ་ནོར་བུ་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]