བློ་བཟང་རྒྱལ་མཚན་གྱིས་མི་རིགས་མཐུན་སྒྲིལ་ཁྲིམས་འཛུགས་ཀྱི་ལས་ཀར་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༧ ཉིན།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་མི་རིགས་མཐུན་སྒྲིལ་ཁྲིམས་འཛུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས།  མི་རིགས་མཐུན་སྒྲིལ་ཁྲིམས་འཛུགས་ཀྱི་ལས་ཀར་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།  
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུངས་བཤད་ཀྱང་གནང་བ་རེད།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་བསྟན་འཛིན་རྣམ་རྒྱལ།  ཞུས་ཞོལ་ཀོང་།  འཆི་མེད་རིག་འཛིན་སོགས་ཚོགས་འདུར་ཕེབས་ཡོད།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འོད་ཟེར་གྱིས་མི་རིགས་མཐུན་སྒྲིལ་ཁྲིམས་འཛུགས་ཀྱི་དུས་རིམ་གོང་མའི་ལས་དོན་སྤེལ་ཚུལ་སྙན་ཞུ་ཕུལ་བ་དང་།  གོམ་སྟབས་རྗེས་མའི་ལས་དོན་སྤེལ་ཕྱོགས་ཀྱི་གྲོས་འགོ་བཏོན་གནང་བ་རེད།  
བློ་བཟང་རྒྱལ་མཚན་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ།  རྒྱུན་ཆད་མེད་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གོང་འཕེལ་གཏོང་བའི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་།  ཁྲིམས་ལུགས་ལ་བརྟེན་ནས་བོད་དུ་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོ་འགན་སྲུང་བྱེད་དགོས་པ།  གཅིག་གྱུར་འཆར་འགོད་བྱས་ནས་མཐུན་སྦྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཁྲིམས་འཛུགས་བྱ་རྒྱུ་དེ་དེང་སྐབས་ཀྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་གལ་ཆེ་ཤོས་ཤིག་ལ་བརྩི་དགོས་པ།  ཚན་རིག་དང་མཐུན་པའི་ཁྲིམས་འཛུགས།  དམངས་གཙོའི་ཁྲིམས་འཛུགས།  ཁྲིམས་མཐུན་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་སྔར་བས་ཤུགས་ཆེ་བཏང་སྟེ།  རྒྱ་ཁྱབ་ཐོག་གྲོང་ཁྱེར༼ ས་ཁུལ ༽ཁག་དང་འབྲེལ་ཡོད་ཚན་པ་དང་ལས་རིགས།  ཁུལ་ཁོངས་རིགས་གཅིག་མཁས་ཅན།  ལས་བྱེད་མང་ཚོགས་བཅས་ཀྱི་གྲོས་འཆར་བསྡུ་ལེན་བྱས་ནས།  མི་རིགས་མཐུན་སྒྲིལ་ཁྲིམས་འཛུགས་ལས་དོན་གྱི་ཚན་རིག་རང་བཞིན་དང་ལུགས་མཐུན་རང་བཞིན།  དམིགས་བསལ་རང་བཞིན།  བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་སྔར་བས་མངོན་པ་བྱེད་དགོས་པ།  རྒྱུན་འཛིན་གསར་གཏོད་ངང་ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་དོན་གཏིང་ཟབ་དང་རྒྱུན་མཐུད་སྤེལ་ཏེ།  དུས་རབས་གསར་པའི་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེའུ་གསར་པ་རྩོམ་རྒྱུར་ཁྲིམས་ལུགས་ཐད་ནས་འགན་སྲུང་བརྟན་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]