ཏིང་གཡས་ཤན་གྱིས་རང་ལྗོངས་སྲིད་གྲོས་ཀྱི་ལས་ཁྱུར་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ཀྱི་བཞུཌ་མོལ་ཚོཌ་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་སྲིད་གྲོས་ཀྱི་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ཚོས།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བ་དང་བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་ཞིང་།  ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡང་དང་བསོད་ནམས་རིག་འཛིན།  ང་ཕོད་འཇིགས་ཡོན་སོགས་ཚོགས་འདུར་ཞུགས་ཡོད།  
ཚོགས་འདུ་མ་འཚོག་གོང་།  ཏིང་གཡས་ཤན་གྱིས་བཞུགས་མོལ་ཚོགས་འདུར་ཕེབས་པའི་རྒན་ཡོལ་དང་ལས་འཁྱུར་ཞུས་པའི་བློ་མཐུན་རྒན་གྲས་དང་རེ་རེ་བཞིན་ཕྱག་བཏང་ནས་དགའ་བསུ་ཞུས་གནང་བ་རེད།  ཚོགས་འདུའི་ཐོག་པ་སངས་དང་པ་སངས་དོན་གྲུབ།  བདེ་སྐྱིད་མཚོ་མོ།  ཚེ་རིང་སྒྲོལ་དཀར་བཅས་ཀྱིས་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ཟུང་འབྲེལ་བྱས་ནས།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བ་དང་བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བའི་རིང་འོད་སྟོང་འབར་བའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ཐོག  རླབས་ཆེའི་མེས་རྒྱལ་དང་རླབས་ཆེའི་ཀྲུང་གོ་གུང་ཁྲན་ཏང་ལ་བརྩི་བཀུར་ཚད་མེད་ཞུ་ལུགས་དང་མི་དམངས་སྲིད་གྲོས་བྱ་གཞག་ལ་བརྩེ་སེམས་ཟབ་མོ་འཆང་ལུགས་མཚོན་པར་བྱས་ཡོད།  
ཏིང་གཡས་ཤན་ནས་བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་བོད་ཀྱི་སྲིད་གྲོས་བྱ་གཞག་ལ་བྱུང་བའི་གོང་འཕེལ་ཆེན་པོ་ནི།  སྲིད་གྲོས་རྒན་གྲས་པ་རིམ་བྱོན་གྱི་དཀའ་སྤྱད་འབད་འཐབ་དང་ཁ་བྲལ་ཐབས་མེད་ལ།  འདིར་བཞུགས་པའི་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམ་པའི་བློ་གྲོས་དང་སྟོབས་ཤུགས་དང་ཡང་ཁ་བྲལ་ཐབས་མེད་པས།  ངས་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་མི་དམངས་སྲིད་གྲོས་བྱ་གཞག་གོང་འཕེལ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་མྱོང་བའི་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས།  དེ་བཞིན་མི་དམངས་སྲིད་གྲོས་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]