ཆེ་དགྲ་ལྷས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་དབྱེ་ཞིབ་བཀོད་གཏོང་བརྙན་འཕྲིན་ཁ་པར་ཚོཌ་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ད་ལོའི་སྤྱི་ཟླ་དང་པོ་ནས་བརྒྱད་པའི་བར་གྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་དབྱེ་ཞིབ་བཀོད་གཏོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས།  ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུང་དབྱང་གི་ཕྱོགས་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་།  ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་པ་མ་ཟད།  གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཞིབ་ཕྲ་ཡང་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ནོར་བུ་དོན་གྲུབ་དང་ཅང་ཇེ་སོགས་ཚོགས་འདུར་ཕེབས་ཡོད།

ཆེ་དགྲ་ལྷ་ནས་རིམ་ཁག་ཚན་པ་ཁག་གིས་ནུས་ཤུགས་གང་ཡོད་ངང་མི་འབོར་ལྷག་མ་དབུལ་གྲོལ་དང་རྫོང་༼ ཆུས ༽ལྷག་མ་དབུལ་ཞྭ་འབུད་རྒྱུའི་ལས་དོན་ལེགས་སྒྲུབ་ཡག་པོ་བྱས་ཏེ།  དབུལ་གྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་དབུལ་ལོག་ཐེབས་རྒྱུ་སྔོན་འགོག་བྱས་ནས།  བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་གི་ཆེད་དོན་སྐོར་གཟིགས་བཅོས་སྒྲིག་ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་།  སྒྲིག་ཁྲིམས་བཞིན་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་གང་ལེགས་བཏང་ནས་དངོས་གཞིའི་དཔལ་འབྱོར་དང་གཙོ་གནད་ཁྱབ་ཁོངས།  ཞན་ཆའི་ལྷུ་ཚིགས་བཅས་ལ་ཞབས་ཞུ་སྒྲུབ་པ།  སྐྱེ་ཁམས་ཀྱི་དམར་ཐིག་ནན་སྲུང་བྱས་ཏེ་ས་མཐོའི་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་བརྟན་པོ་འཛུགས་པ་བཅས་བྱེད་དགོས་པ་དང་།  སྡེ་གླིང་དཔལ་འབྱོར་འཛུགས་སྐྲུན་ཤུགས་ཆེ་བྱེད་པ་དང་སྤུས་རྟགས་གཏོད་ཤུགས་ཆེ་རུ་བཏང་སྟེ་རིག་གནས་ཡུལ་སྐོར་དང་དྭངས་གཙང་ནུས་རྒྱུ།  མཐོ་གསར་གྲངས་འཛིན་ཐོན་ལས་སོགས་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ནས་ཐབས་མང་མཉམ་བཟུང་ངང་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་ཏེ།  ཐོན་ལས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ།  ཞིང་འབྲོག་པའི་འབབ་འཕར་དང་ལས་ཞུགས་ལས་གཏོད་ལ་དམ་འཛིན་བྱས་ཏེ།  མང་ཚོགས་རྣམས་གཙོ་ཆེའི་ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་གཅིག་གྱུར་འཆར་འགོད་བྱེད་དགོས་པ།  སྨན་བཅོས་འགན་སྲུང་སོགས་དམ་འཛིན་ཡག་པོ་བྱས་ནས་དམངས་འཚོའི་བདེ་རྩ་བརྟན་དུ་གཏོང་དགོས་པ།  གཏན་འཁེལ་ཟིན་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ལས་དོན་ཁག་དོན་འཁྱོལ་ཡོང་ཆེད་གཟབ་ནན་དངོས་སྒྲུབ་དང་ཞིབ་ཚགས་ཀྱི་སྒོ་ནས་དམ་འཛིན་དང་ནུས་ཤུགས་གང་ཡོད་འདོན་པ་དང་།  ཐོན་སྐྱེད་བདེ་འཇགས་དམ་འཛིན་ཡག་པོ་བྱས་ནས་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་ཟབ་མོ་ཧུར་ཐག་གཏོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]