ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༩ པའི་ཚེས ༢༩ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་ལྷ་སར་བརྙན་ལམ་ཚོགས་འདུ་འཚོགས་ཏེ།  ལྗོངས་ཡོངས་ཀྱི་ཏང་སྲིད་དམག་དང་ཉེན་རྟོག་པ།  མི་དམངས་བཅས་ཀྱིས་སེམས་ནུས་གཅིག་སྒྲིལ་ངང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་རྒྱུར་སླར་ཡང་སྐུལ་སློང་བྱས་པ་རེད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ལྗོངས་ཏང་ཨུད་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་དབྱིང་ཇེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་།  བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ།  ཀྲོང་ཡན་སོགས་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཚོགས་འདུར་ཕེབས་ཡོད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་གཡས་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ་རྣམ་གཉིས་ནས་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་།  གྲོང་ཁྱེར༼ ས་ཁུལ ༽ཁག་གི་འགན་འཁུར་བློ་མཐུན་དང་རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར༼ ས་ཁུལ ༽ཁག་ཏུ་མངགས་པའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་བློ་མཐུན་ནས་འབྲེལ་ཡོད་གནས་ཚུལ་སྙན་གསེང་ཞུས་པ་རེད།

ཚོགས་འདུའི་ཐོག་ཝུའུ་དབྱིང་ཇེ་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ།  དམིགས་ཚད་དང་ལས་འགན་ཁ་གསལ་བཟོ་བ།  གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ།  གཙོ་གནད་ལས་ཀར་དམ་འཛིན་ཡག་པོ་བྱེད་པ།  འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པ་དང་།  ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་དང་ཡུན་རིང་།  ཕྱོགས་ཡོངས་བཅས་བརྟན་ལྷིང་ཡོང་བ་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་ཕྱག་རྟགས་འབུལ་དགོས་པའི་ནན་གསུངས་གནང་བ་རེད།

ཝུའུ་དབྱིང་ཇེ་ནས་རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར༼ ས་ཁུལ ༽ཁག་ཏུ་མངགས་པའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ནས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་ལྟ་སྐུལ་དང་མཛུབ་ཁྲིད་ཏན་ཏིག་བྱས་ཏེ།  རང་གནས་སའི་ས་ཁུལ་གྱི་འགན་འཁྲི་སྔར་བས་ནན་དུ་གཏོང་རྒྱུ་དང་གཏན་འཁེལ་ཟིན་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མཛུབ་ཁྲིད་རོགས་རམ་བྱེད་པ་དང་ཆབས་ཅིག  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བའི་སློབ་གསོ་དང་དབུལ་གྲོལ་འགག་སྒྲོལ་ཐད་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས།  ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]