ཆེ་དགྲ་ལྷ་ཁེ་ལས་དང་གཙོ་གནད་ལས་གཞི་སྐྲུན་ཁུལ་དུ་ཕེབས་ནས་ཐོན་སྐྱེད་བདེ་འཇགས་གནས་ཚུལ་ལ་ཞིབ་བཤེར་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཁེ་ལས་དང་གཙོ་གནད་ལས་གཞི་སྐྲུན་ཁུལ་དུ་ཕེབས་ནས་ཐོན་སྐྱེད་བདེ་འཇགས་ཐད་ཞིབ་བཤེར་གནང་བ་མ་ཟད།  ལྗོངས་ཏང་ཨུད་དང་སྲིད་གཞུང་།  དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཇེ་བཅས་ཀྱི་ཚབས་ཞུས་ནས་འཐབ་ས་དང་པོའི་ངལ་རྩོལ་པར་གཟིགས་པ་དང་འཚམ་འདྲི་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཞིབ་བཤེར་དང་འཚམ་འདྲི་གནང་སྐབས་ལྷན་དུ་ཕེབས་ཡོད།

ཆེ་དགྲ་ལྷ་དང་ཀྲོང་ཡན་རྣམ་གཉིས་བོད་ལྗོངས་ཧྭ་ཐེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སིར་ཕེབས་ནས་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་རྒྱུགས་དང་ཐོན་སྐྱེད་བདེ་འཇགས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ལ་ཞིབ་བཤེར་གནང་བ་དང་ངལ་རྩོལ་པ་དང་བྱམས་བརྩེའི་བཀའ་མོལ་གནང་ནས།  ཁོང་ཚོའི་ལས་ཀ་དང་འཚོ་བ།  ཁྱིམ་ཚང་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།  ཆེ་དགྲ་ལྷ་ནས་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སློབ་གསོ་དང་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་བ།  བདེ་འཇགས་ཐད་གཏོང་འཇོག་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ།  ཐོན་སྐྱེད་བདེ་འཇགས་དམ་འཛིན་ཏན་ཏིག་བྱེད་དགོས་པ་དང་།  གཙོ་གནད་མངོན་ཆེར་འཛིན་ཏེ་བྱ་ཐབས་ནུས་ལྡན་བཟུང་བ་དང་རྒྱུན་བསྲིང་ལྷོད་མེད་ངང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ལྟ་ཞིབ་གནད་དོན་བཅོས་སྒྲིག་ཡག་པོ་བྱས་ནས།  འབྱུང་འཕྲོད་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ།  ས་ཆ་དེ་གའི་མང་ཚོགས་ལས་ཞུགས་གང་ལེགས་ཐུབ་པ་བྱེད་དགོས་པ་མ་ཟད།  ཁེ་ལས་གོང་འཕེལ་གཏོང་བ་བརྒྱུད་དེ་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ལ་རྒྱབ་སྐྱོར་དང་མང་ཚོགས་ཕྱུག་པོ་ཆགས་རྒྱུར་གཞོགས་འདེགས་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།

ཆེ་དགྲ་ལྷ་དང་ཀྲོང་ཡན་རྣམ་གཉིས་ནས་རྒྱལ་ལམ ༡༠༩ ནག་ཆུ་ནས་ལྷ་སའི་དུམ་བུ་བར་གྱི་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་པ་རེ་རེ་བཞིན་དང་ཕྱག་བཏང་བ་མ་ཟད།  ལས་གྲྭའི་མྱུར་ཚད་དང་བདེ་འཇགས།  སྤུས་ཚད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།  ཆེ་དགྲ་ལྷ་ནས་གསུང་དོན་རིམ་མཐོའི་གཞུང་ལམ་དེ་ནི་བོད་ལྗོངས་དང་མེས་རྒྱལ་ནང་ས་འབྲེལ་བའི་ཆབ་སྲིད་དང་དཔལ་འབྱོར།  མཐུན་སྒྲིལ།  ཚེ་སྲོག  བདེ་སྐྱིད་བཅས་ཀྱི་ལམ་བུ་ཞིག་ཡིན་པས་འབྲེལ་ཡོད་ཚན་པ་ཁག་གིས་བདེ་འཇགས་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་ཉེན་ཁའི་མངོན་མེད་རྐྱེན་རྩ་འགོག་པ་དང་ཚོད་འཛིན་ནན་པོ་བྱེད་དགོས་ཤིང་།  འཐབ་ས་དང་པོའི་ལས་བཟོ་པར་སེམས་འཁུར་མང་ཙམ་བྱེད་པ་དང་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ཐོག  སྤུས་ཚད་འགན་སྲུང་ཐོག་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་དང་ཕྱར་བ་གྲུ་འདེགས་དང་ཡར་འབད་བསྐྱར་འབད་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]