རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཁག་ཅིག་གིས་གཞིས་རྩེར་ལས་དོན་རྟོག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཇེ་ཡིས་ཙུའུ་ཀྲང་གནང་བ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། གཞིས་རྩེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཡན་ཆིན་རྣམ་གཉིས་ཀྱིས་ཙུའུ་ཀྲང་གཞོན་པ་གནང་བའི་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཚོགས་ཆུང་ཁག་བགོས་ཐོག  སྤྱི་ཟླ ༩ པའི་ཚེས ༢༨ ནས་སྤྱི་ཟླ ༡༠ པའི་ཚེས ༦ ཉིན་བར།  གཞིས་རྩེ་གྲོང་ཁྱེར་གྱི་རྫོང་༼ ཆུས ༽ཁག་དང་འབྲེལ་ཡོད་ལས་ཁུངས་སུ་གཟབ་བསྐྱོད་ངང་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་གནང་བ་རེད།

ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་རྫོང་༼ ཆུས ༽དང་ཤང་༼ གྲོང་རྡལ ༽  གྲོང་ཚོ༼ སྡེ་ཁུལ ༽  སློབ་གྲྭ།  དགོན་སྡེ།  བཟོ་གྲྭ།  འབྲོག་ཁུལ།  ཞིབ་བཤེར་ས་ཚིགས་སོགས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོར་གཟབ་བསྐྱོད་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་།  དབུལ་གྲོལ་འགག་སྒྲོལ།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོ།  གཞི་རིམ་ཏང་རྩ་འཛུགས།  ཐོན་ལས་གོང་འཕེལ།  སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་སོགས་ཀྱི་ལས་ཀར་རྒྱ་ཁྱབ་ཐོག་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ཡོད།

བརྟག་ཞིབ་གནང་རིང་།  ཅང་ཇེ་ཡིས་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་༼ ཆུས ༽ཁག་ཅིག་གི་སྤྱི་བདེ་ཞིབ་བཤེར་ས་ཚིགས་དང་།  རྫོང་དང་ཤང་ཏང་ཨུད་སྲིད་གཞུང་།  བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་བཀོད་འདོམས་ལྟེ་གནས།  ཇོ་རིའི་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་བཤམས་སྟོན་གླིང་སོགས་སུ་གཟབ་བསྐྱོད་གནང་སྟེ།  སྡོད་བྱ་ལས་བྱེད་ཉེན་རྟོག་པ་དང་ལས་བྱེད་ལས་བཟོ་པར་གཟིགས་པ་དང་འཚམ་འདྲི་གནང་བ་རེད།  ལས་གཏོད་བྱེད་མཁན་སློབ་ཆེན་སློབ་མ་དང་གྲོང་གསེབ་ཏུ་མངག་གཏོང་བྱས་པའི་ལས་བྱེད་པ།  གཞི་རིམ་ལས་བྱེད་ལས་བཟོ་པ།  བོད་སྐྱོར་ལས་བྱེད་པ།  ཞིང་འབྲོག་མང་ཚོགས་བཅས་དང་བཀའ་མོལ་གནང་སྟེ་ཚང་མས་རང་འཁྲིའི་ལས་འགན་ཡག་པོ་སྒྲུབ་ནས་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་།  དབུལ་གྲོལ་འགག་སྒྲོལ་ལས་དོན་ཡག་པོ་སྤེལ་རྒྱུར་སྐུལ་མ་བཏང་གནང་བ་རེད།  ཀྲུང་དབྱང་རྩ་འཛུགས་པུའི་མངག་བཅོལ་ལྟར།  ཅང་ཇེ་ཡིས་ད་དུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས།  ཏང་ལོ ༦༠ ཟིན་པ་དང་དགུང་ལོ ༨༩ ལ་ཕེབས་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ་ཚེ་བརྟན་ལ་གཟིགས་པ་དང་འཚམ་འདྲི་གནང་བ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]