ཆེ་དགྲ་ལྷས་ལྷ་སར་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༧ ཉིན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་ས་མི་རིགས་ཁྱད་ལྡན་སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་ཚོང་ལྟེ་གནས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་རྒྱལ་མཚན།  དབང་ཧེ་ཀྲུའུ་དང་བཅས་པ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད། 
བོད་ལྗོངས་འགྲེམས་ཚོང་ལྟེ་གནས་ཀྱི་འགྲེམས་ཁང་གཉིས་པར་ཡོད་པའི་མི་རིགས་ཁྱད་ལྡན་སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་དངོས་དེ་དག་ནི།  རྒྱུན་ལྡན་ཅན་གྱི་ཕྱོགས་སུ་གཉེར་སྐྱོང་བྱེད་པའི་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་སྤུས་ལེགས་གཅིག་བསྡུས་ཐོག་འགྲེམས་སྟོན་འགྲེམས་ཚོང་བྱེད་པའི་དཀར་ཁུང་དང་།  མི་རིགས་ཁྱད་ལྡན་སྤུས་རྟགས་ཐོན་རྫས་གཅིག་སྡུད་ཁུལ།  ལྗོངས་ཡོངས་ཀྱི་ཡུལ་སྐོར་སྤྲོ་གསེང་མྱོང་རོལ་ལྟེ་གནས་བཅས་སུ་གཏོད་རྒྱུ་རེད།  ཆེ་དགྲ་ལྷས་འགྲེམས་ཁུལ་ཁག་ཏུ་འགྲེམས་ཁང་བཀོད་སྒྲིག་བྱེད་ཚུལ་སོགས་ཀྱི་ཐད་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་།  ཁོང་གིས་ང་ཚོས་ངེས་པར་དུ་འདེམས་སྒྲུག་ཞིབ་ཚགས་ངང་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་ཡག་པོ་བྱས་ཏེ་སྟེགས་བུ་འདི་ཉིད་རང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་དང་ཡུལ་སྐོར།  སྤུས་ལེགས་ཐོན་རྫས་གྲགས་ཅན།  མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་བཅས་གཅིག་སྡུད་བྱས་ནས་དྲིལ་བསྒྲགས་དང་འགྲེམས་སྟོན།  འགྲེམས་ཚོང་།  མྱོང་རོལ་སོགས་བྱེད་ནུས་གཅིག་འཐུས་རྣམ་པའི་ཞབས་ཞུ་ལྟེ་གནས་སུ་གཏོད་དེ།  བོད་ཀྱི་མི་རིགས་ཁྱད་ལྡན་ཐོན་རྫས་སྤུས་རྟགས་ཁག་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་དགོས་པ་དང་།  ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྒྲིག་གཞིའི་ལམ་སྲོལ་གསར་གཏོད་བྱེད་པ།  རྟ་སྒ་ཆ་སྒྲིག་གི་ཞབས་ཞུ་འཐུས་ཚང་བཟོ་བ།  གློག་ཚོང་སྟེགས་བུ་བེད་སྤྱོད་གང་ལེགས་གཏོང་བ།  དྲ་ཐོག་དང་དྲ་ཕྱི་ནས་ཉོ་ཚོང་བྱེད་ཆོག་པ་དང་དྲ་ཕྱི་ནས་མྱོང་རོལ་བྱེད་པའི་འཛད་སྤྱོད་རྣམ་པ་གཏོད་པ་བཅས་བྱས་ཏེ།  ཉོ་ཚོང་སྟབས་བདེ་ཅན་དང་བྱེད་ནུས་སྣེ་མང་ཅན།  ཞབས་ཞུ་ཆེད་ལས་ཅན་བཅས་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་སྤུས་ལེགས་འགྲེམས་སྟོན་བྱས་པའི་སྟེགས་བུ་གཏོད་དགོས་པ།  སྒྲིག་འཛུགས་དང་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ།  ཁྲོམ་ར་དང་སྲིད་གཞུང་ཕྱོགས་གཉིས་ཀའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  ཐོན་ལས་སྐྱེད་སྲིང་ཧུར་ཐག་ངང་རང་ལྗོངས་དཔལ་འབྱོར་གྱི་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཐོག  བོད་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་ནས་ས་ཁོངས་སྤུས་རྟགས་ཁག་སྐད་གྲགས་ཇེ་ཆེར་གཏོང་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]