ལྗོངས་སྲིད་གཞུང་གིས་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཚོཌ་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ནོར་བུ་དོན་གྲུབ་ཀྱིས།  རང་སྐྱོང་ལྗོངས་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཚོགས་འདུ་འཚོགས་གནང་སྟེ།  བོད་རང་སྐྱོང་ལྗོངས་ཚབས་ཆེའི་མེ་སྐྱོན་རྐྱེན་རྩར་སྲིད་གཞུང་ནས་མིང་སྦྱར་སྒྲུབ་སྐུལ་ལས་དོན་སྤེལ་ཐབས་ཞེས་པར་ཞིབ་འཇུག་དང་།  གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

ནོར་བུ་དོན་གྲུབ་ནས་རིམ་ཁག་ཚན་པ་ཁག་གིས་བདེ་འཇགས་ཐད་གནས་པའི་ཚབས་ཆེའི་ཉེན་ཁ་འགོག་སེལ་བྱ་རྒྱུའི་འགན་སེམས་དང་དུས་གཏུག་གི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་།  འབྲེལ་ཡོད་ཚན་པས་ལས་དོན་སྔ་ཙམ་བཀོད་སྒྲིག་དང་རྐྱེན་རྩ་སྔ་ཙམ་བཅོས་སྐྱོང་།  ལས་འཛོལ་སྔ་ཙམ་སྔོན་འགོག་བཅས་བྱས་ཏེ་ནུས་ཤུགས་གང་ཡོད་ངང་མེ་སྐྱོན་གྱི་རྐྱེན་རྩ་སེལ་ནས།  མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱ་ཐབས་ཞིབ་ཕྲ་བཟོ་བ།  དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ནུས་ཤུགས་གང་ཡོད་ངང་།  ལྗོངས་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་ཏན་ཏིག་སྒྲུབ་སྟེ་ཚབས་ཆེའི་མེ་སྐྱོན་ལས་འཛོལ་མི་ཐོན་པ་བྱེད་པ།  མེ་ཟོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་མེ་སྐྱོན་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]