རང་ལྗོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༩ ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་ལོ་ཞིག་དང་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་ངོ་ ༧༠ འཁོར་བའི་ལོ་ཞིག་ཀྱང་རེད།  ཉེ་བའི་ལོའི་རིང་།  རང་ལྗོངས་མི་རིགས་ཁག་གི་ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་མིས་ཆུང་དུས་ནས་མི་བྱེད་སྟངས་དང་ཕུགས་འདུན་འཆང་སྟངས།  གསར་གཏོད་བྱེད་སྟངས་བཅས་སློབ་སྦྱོང་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་དང་བླང་བྱ་ནན་པོ་དུས་རྟག་ཏུ་བློ་ལ་བརྟན་པོར་ངེས་ཏེ།  ཏང་གི་གསོ་སྐྱོང་འོག་ཆུང་དུས་ནས་ཕུགས་འདུན་ཆེ་མོ་འཆང་བ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཐོག་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ།  སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་བདེ་ཐང་ངང་འཚར་ལོང་ཡོང་བ་བཅས་བྱས་ཡོད།

ཉེ་བའི་ལོའི་རིང་།  ལྗོངས་ཡོངས་ཀྱི་རིམ་ཁག་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་བཟང་ནུས་རྒྱུན་འཁྱོངས་བྱས་ནས་ལས་བྱེད་པ་དང་ཟུར་ཁྲིད་པ་སྒྲིག་འཛུགས་བྱས་ཏེ།  ལོ་ཆུང་གདོང་ལེན་རུ་མིས་གོ་སླ་བ་དང་སེམས་ལ་ངེས་ཐུབ་པའི་སྐད་ཆའི་ཐོག་ནས་ཏང་དང་གུང་གཞོན་སྡེ་ཚོགས།  གདོང་ལེན་རུ་ཁག་བཅས་ཀྱི་འབྲེལ་བ་དང་།  ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་ཆབ་སྲིད་ཤེས་བྱ་སོགས་གསལ་འགྲེལ་བྱས་ཏེ།  ཁོང་ཚོས་ཆུང་དུས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་སྲོག་ཤིང་ལ་བརྩི་བ།  ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་ཆོད་སེམས་བརྟན་དུ་བཏང་བ་དང་།  གསར་བརྗེའི་སྙིང་སྟོབས་དང་གདོང་ལེན་དཔེ་བཟང་གི་སློབ་གསོ་སྤེལ་ནས་ལོ་ཆུང་གདོང་ལེན་རུ་མི་ཚོའི་དགེ་བརྩོན་ཡར་ཐོན་གྱི་བཟང་ནུས་རྒྱུན་ཆད་མེད་པར་འདོན་སྤེལ་བྱས་ཡོད།

རང་ལྗོངས་ཀྱིས་ད་དུང་སྐལ་བཟང་མེ་ཏོག་ཞེས་པའི་སྤུས་རྟགས་ཅན་གྱི་སྤྱི་ཕན་བྱེད་སྒོ་དང་།  ལོ་ཆུང་གདོང་ལེན་རུ་ཁག་གིས་མ་འོངས་གཏོད་ཞེས་པ།  དང་བླངས་པ་ཆུང་ཆུང་གི་ལག་ལེན་བྱེད་སྒོ།  བྱིས་པའི་ལག་གདང་སྦྲེལ་ཞེས་པ།  བྱིས་པའི་ཚན་རིག་ཁང་སོགས་ཀྱི་རྣམ་གྲངས་སྤུས་རྟགས་གཏོད་པ།  ལྗོངས་ཡོངས་ཀྱིས་མི་རིགས་ཁག་གི་བྱིས་པ་ཁྲི ༡༠ ཙམ་དང་ནང་སའི་བྱིས་པའི་དབར་སྤུན་གྲོགས་སྒྲིག་པ་དང་།  ལོ་ཆུང་གདོང་ལེན་རུ་མི ༡༠༠༠ ཙམ་གྱིས་བྱིས་པའི་ལག་གདང་སྦྲེལ་ཞེས་པའི་དབྱར་སྒར་དང་ཡུལ་སྐོར་བྱེད་སྒོར་བཞུགས་ཏེ།  ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་གི་བརྩེ་སེམས་དང་ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་བ།  མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཁྲི ༡༥ ཡིས་སློབ་གྲྭ་དང་འཚོ་བའི་ཁྲོད་ལེ་ཧྥུང་ལ་སློབ་སྦྱོང་དང་བྱམས་སེམས་མཚོན་པ།  དང་བླངས་པ་ཆུང་ཆུང་ཞིག་བྱེད་ཞེས་པ་སོགས་ཀྱི་བྱེད་སྒོ་བརྒྱུད་ཤེས་དཔལ་དར་སྤེལ་བཏང་ནས་སྲོལ་བཟང་གཏོད་ཡོད།

རང་ལྗོངས་ཀྱིས་ལོ་ཆུང་གདོང་ལེན་རུ་མིའི་རིག་ཚན་འཛུགས་སྐྱོང་དང་ཟུར་འཁྲིད་དཔུང་ཁག་འཛུགས་སྐྱོང་གཏིང་ཟབ་བྱས་པ་མ་ཟད།  རང་སྐྱོང་ལྗོངས་ལོ་ཆུང་གདོང་ལེན་རུ་ཁག་ལས་ཀའི་སློབ་ཚོགས་འཛུགས་རྒྱུ་དང་མཚན་འཛིན་སྤྱི་ཁྱབ་ཟུར་ཁྲིད་པ་གདན་ཞུའི་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་ཀྱང་བཏང་ནས།  བོད་ལྗོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་སྨྱན་སྦྱོར་གསར་པའི་སྟེགས་བུ་ཧུར་ཐག་བཏོད་པ་དང་།  དྲ་ཐོག་གི་བསམ་བློ་ཆབ་སྲིད་ཁྲིད་སྟོན་སྟེགས་བུ་དང་འགྲེམས་སྟོན་སྟེགས་བུ།  སྤྱི་ཕན་རྣམ་གྲངས་སྟེགས་བུ།  ཁེ་དབང་ཞབས་ཞུའི་སྟེགས་བུ་སོགས་ཀྱི་ཐོན་ཁུངས་མཛོད་བཙུགས་ཏེ་ལོ་ཆུང་བྱིས་པར་འཚམས་པའི་དྲ་བའི་ཁོར་ཡུག་ཞིག་ཧུར་ཐག་གཏོད་ཡོད།

གུང་གཞོན་སྡེ་ཚོགས་ལྗོངས་ཨུད་ལོ་ཆུང་པུའི་པུའུ་ཀྲང་བདེ་སྐྱིད་ཀྱིས་བསམ་བློའི་ཁྲིད་སྟོན་དང་རྩ་འཛུགས་སློབ་གསོ།  ལག་ལེན་ནང་ཞུགས་པ།  ཁེ་དབང་ཞབས་ཞུ་བཅས་ཀྱི་ཐོག་ནས་ལོ་ཆུང་གདོང་ལེན་རུ་ཁག་བསྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ།  མི་རིགས་བསྐྱར་དར་གྱི་འགན་འཁྲི་འཁུར་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་ཐུབ་པ་བྱ་རྒྱུ་རེད་ཅེས་གསུངས།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]