རང་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་ལ་ཐོབ་པའི་གྲུབ་འབྲས་འགྲེམས་སྟོན་ལྷ་སར་བྱས་ཤིང་སྤྱི་ཚེས༢༢ཉིན་མཇུག་སྒྲིལ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་སུ་ཉེ་བའི་ལོའི་རིང་ཐོན་ལས་དབུལ་སྐྱོར་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱ་ཆེད།  སྤྱི་ཚེས ༡༦ ཉིན།  རང་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་ལ་ཐོབ་པའི་གྲུབ་འབྲས་འགྲེམས་སྟོན་ལྷ་སར་གཟབ་རྒྱས་ངང་སྤེལ་བ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་འགྲེམས་སྟོན་བྱེད་འགོ་ཚུགས་པའི་མཛད་སྒོར་ཕེབས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་ཤིས་ཚིག་བསྒྲོན་གནང་བ་རེད།  
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་པད་མ་དབང་འདུས་དང་གྲེན་ཡུང་ཆི་རྣམ་གཉིས་མཛད་སྒོར་ཕེབས་ཡོད།  
ཏིང་གཡས་ཤན་གྱིས་ཤིས་ཚོག་བསྒྲོན་གནང་སྐབས་ད་རེས་ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་གོ་སྐབས་སུ་འཛིན་ནས།  རང་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་ལས་ཀར་ཐོབ་པའི་ཕན་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱེད་པ་དང་།  བོད་ཀྱི་ཁྱད་ལྡན་ཐོན་རྫས་དྲིལ་བསྒྲགས་འོས་སྦྱོར་བྱེད་པ།  ས་གནས་ཀྱི་ལེགས་ཆའི་ཐོན་ཁུངས་སྤུས་རྟགས་སྐྱེད་སྲིང་ཧུར་ཐག་བྱེད་པ།  དབུལ་སྐྱོར་ཐོན་ལས་ཀྱི་ཐོན་སྐྱེད་བྲིན་ཚོང་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ།  དྲ་ཐོག་ཚོང་ཁང་དང་དངོས་གཞིའི་ཚོང་ཁང་གི་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ།  འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ།  དབུལ་སྐྱོར་ཐོན་ལས་སྐྱོན་བྲལ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ།  དབུལ་གྲོལ་འགག་སྒྲོལ་ལ་རོགས་འདེགས་བྱེད་པ།  དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས་པའི་ནན་གསུངས་གནང་བ་རེད།  
འགོ་ཚུགས་མཛད་སྒོ་ཚོགས་རྗེས་ཆེ་དགྲ་ལྷ་དང་ཏིང་གཡས་ཤན་སོགས་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རྣམ་པས།  ཐོན་ལས་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་།  འགྲེམས་སྟོན་ནང་ཞུགས་མཁན་ལས་དོན་པར་བྱམས་བརྩེའི་བཀའ་མོལ་གནང་སྟེ་ཐོན་སྐྱེད་གཞི་ཁྱོན་དང་གཉེར་སྐྱོང་ཕན་འབྲས།  དབུལ་སྐྱོར་ཐུབ་ཚུལ་བཅས་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།  
ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ཀྱི་སྤྱི་ལོ ༢༠༡༩ ལོའི་དབུལ་སྐྱོར་ཉིན་མོའི་མུ་འབྲེལ་བྱེད་སྒོའི་གྲུབ་ཆའི་གྲས་ཞིག་ཡིན་པའི་ངོས་ནས།  ད་ཐེངས་ཀྱི་གྲུབ་འབྲས་འགྲེམས་སྟོན་ནང་གྲོང་ཁྱེར༼ ས་ཁུལ ༽བདུན་གྱི་དབུལ་སྐྱོར་ཐོན་ལས་གཉེར་སྐྱོང་བྱེད་པོ ༢༢༤ ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་རང་བྱུང་འཐུང་ཆུ།  མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས།  ཡུལ་སྐོར་རིག་གནས་ཐོན་རྫས་སོགས་འགྲེམས་སྟོན་བྱས་ཡོད།  འགྲེམས་སྟོན་དེ་སྤྱི་ཟླ ༡༠ ཚེས ༢༢ བར་བྱ་རྒྱུ་རེད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]