རང་ལྗོངས་ཀྱིས་ད་ལོའི་ལོ་མཇུག་གོང་དབུལ་པོ་དབུལ་རྐྱང་སྤྱིར་ན་མེད་པ་བཟོ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་དབུལ་གྲོལ་ཐུབ་པ་བྱེད་རྒྱུ་དེ་དམངས་གཅེས་སྲིད་སྐྱོང་གི་ལས་དོན་གལ་ཆེན་ཞིག་ལ་རྩིས་ནས་དམ་འཛིན་བྱས་པ་དང་།  ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།  ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་ལ་གཞིགས་ནས་སྒྲིག་འཛུགས་དང་འཆར་གཞི།  གཞི་ཁྱོན་བཅས་ལྡན་པའི་སྒོ་ནས་དབུལ་སྐྱོར་གསར་སྤེལ་ལས་དོན་སྤེལ་བས་རྒྱལ་ཡོངས་དང་མཉམ་དུ་ཞི་མཐུན་མགྱོགས་མྱུར་ངང་གོང་འཕེལ་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱུང་ཡོད།  
དམངས་གཙོའི་བཅོས་བསྒྱུར་བྱས་ཚུན།  རང་ལྗོངས་ཀྱིས་དབུལ་པོ་དབུལ་རྐྱང་མེད་པ་བཟོ་བ་དང་སྐྱོབ་གསོའི་རྣམ་པའི་དབུལ་སྐྱོར།  ཐོན་སྐྱེད་རྣམ་པའི་དབུལ་སྐྱོར།  གསར་སྤེལ་རྣམ་པའི་དབུལ་སྐྱོར།  དབུལ་སྐྱོར་གནད་འཕིགས་བཅས་དུས་མཚམས་ལྔ་ལ་དབྱེ་ནས་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་སྤེལ་པ་རེད།  སྤྱི་ལོ ༡༩༥༡ ལོར་བོད་ལ་ཞི་བས་བཅིངས་འགྲོལ་བཏང་རྗེས།  མི་དམངས་ཀྱི་འཚོ་བ་ཤིན་ཏུ་དབུལ་བར་དམིགས་ནས་བོད་སྐྱོད་ལས་དོན་པ་དང་མི་དམངས་བཅིངས་འགྲོལ་དམག་གིས་ཞིང་འབྲོག་མང་ཚོགས་ཚོར་སྐྱེད་མེད་དངུལ་བུན་གཏོང་བ།  ཡང་ན་རིན་ཚབ་མི་དགོས་པའི་དངུལ་བུན་གཏོང་བ་དང་མང་ཚོགས་ཚོར་རིན་མེད་ངང་ན་ཚ་ལྟ་བ།  སློབ་གྲྭ་འབྲིང་ཆུང་བཙུགས་པ།  རྒུད་གསབ་ལས་སྤྲོད་ཐོག་ནས་མང་ཚོགས་ལ་འབབ་འཕར་ཡོང་བ་བཅས་བྱས་ཡོད།  སྤྱི་ལོ ༡༩༦༥ ནས ༡༩༧༨ ལོ་བར་རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་དུ་གཞན་བརྟེན་རྣམ་པའི་དབུལ་སྐྱོར་ལས་དོན་སྤེལ་བས།  ཐོན་སྐྱེད་གོང་འཕེལ་དང་དབུལ་ཕོངས་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།  
བསྒྱུར་བཅོས་སྒོ་དབྱེ་བྱེད་སྒོ་ཚུགས་པ་ནས་དབུལ་པོ་དབུལ་རྐྱང་གི་མི་འབོར་དེ་སྤྱི་ལོ ༡༩༧༨ ལོའི་ཁྲི་ཚོ ༨༡ ནས་སྤྱི་ལོ ༡༩༩༤ ལོའི་མི་གྲངས་ཁྲི་ཚོ ༤༨ བར་ཆག་ཡོད།  སྤྱི་ལོ ༡༩༩༤ ལོར༌རང་ལྗོངས་ཀྱིས་འཆར་གཞི་དང་སྒྲིག་འཛུགས།  གཞི་ཁྱོན།  དམིགས་ཚད་བཅས་ཡོད་པའི་སྒོ་ནས་དབུལ་སྐྱོར་གསར་སྤེལ་ལས་དོན་སྤེལ་ཏེ་སྔ་རྗེས་སུ་དབུལ་སྐྱོར་ཚད་གཞི་ཐེངས་བཞི་མཐོ་རུ་བཏང་ཡོད།  སྤྱི་ལོ ༢༠༠༦ ལོར་རང་ལྗོངས་ཀྱིས་མི་རེའི་ཆ་སྙོམས་ཡོངས་འབབ་སྒོར ༡༧༠༠ ལས་དམའ་བའི་ཞིང་འབྲོག་ཁུལ་གྱི་དབུལ་ཕོངས་མི་འབོར་ཁྲི་ཚོ ༩༦.༤ རོགས་སྐྱོར་བྱེད་ཁོངས་ནང་བཅུག་པ་དང་།   ལྗོངས་ཡོངས་སུ་རིགས་ཁག་གི་དབུལ་སྐྱོར་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར ༢༥.༢༡ བཏང་ནས་ཤང་ཧྲིལ་པོར་སྐུལ་འདེད་དང་ཁྱད་ལྡན་ཐོན་ལས།  དམིགས་འཛུགས་དབུལ་སྐྱོར།  མི་འབོར་ཅུང་ཉུང་བའི་མི་རིགས་ཁུལ་གྱི་དབུལ་སྐྱོར།  མཐའ་མཚམས་ཁུལ་གྱི་དབུལ་སྐྱོར་བཅས་ནང་དོན་གཙོ་བོ་བྱས་པའི་དབུལ་སྐྱོར་གསར་སྤེལ་བྱས་པ་རེད།  སྤྱི་ལོ ༢༠༡༢ ལོར་རང་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར ༢༣༠༠ དེ་དབུལ་སྐྱོར་གྱི་ཚད་གཞི་གསར་པར་རྩིས་ནས།  ཡིག་ཚགས་དང་གཱ་བཟོས་པའི་ཞིང་འབྲོག་ཁུལ་གྱི་དབུལ་ཕོངས་མི་འབོར་ཁྲི་ཚོ ༡༡༧ ལ་འཆར་གཞི་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་གསར་སྤེལ་རྣམ་པའི་དབུལ་སྐྱོར་བྱས་ཡོད།   
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གནད་འཕིགས་དྲུག་དང་ཁག་ཅིག་བྱས་པ་ལྔའི་བླང་བྱ་གཞིར་བཟུང་།  ཟས་གོས་ལ་སེམས་ཁྲལ་མེད་པ་དང་འོས་འགན་སློབ་གསོ།  གཞི་རྩའི་སྨན་བཅོས།  སྡོད་ཁང་བདེ་འཇགས་བཅས་འགན་སྲུང་གི་དམིགས་ཚད་དང་དམ་པོར་བསྟུན་ནས་དབུལ་གྲོལ་འགག་སྒྲོལ་ཐུབ་པ་བྱས་ཡོད།  
དབུལ་གྲོལ་འགག་སྒྲོལ་ལ་སྐུལ་འདེད་ཟམ་མི་ཆད་པ་གཏོང་བ་དང་བསྟུན་ནས་རང་ལྗོངས་ཀྱིས་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་གོང་འཕེལ་ཤུགས་ཆེ་བཏང་སྟེ་ཐོན་ལས་ཀྱི་བྱེད་ནུས་རྒྱ་ཆེར་བཏང་བ་དང་།  ནས་དང་འབྲི་གཡག་སོགས་ཁྱད་ལྡན་དབུལ་སྐྱོར་ཐོན་ལས་གཙོ་གནད་ཐོག་གཏོད་པ་བརྒྱུད་ཐོན་ལས་འདེམས་ཁག་པ་དང་སྐུལ་སྤེལ་གཏོང་འགོར་བ།  ཕན་འབྲས་ཐོན་འགོར་བ་བཅས་ཀྱི་དཀའ་གནད་རགས་ཙམ་སེལ་ཐུབ་ནས།  དབུལ་ཕོངས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་འཚོལ་བའི་ཁྲོད་དབུལ་སྐྱོར་ཐོན་ལས་ཀྱིས་ནུས་པ་རགས་ཙམ་ཐོན་ཡོད།  
ངོ་སྤྲོད་བྱས་པར་གཞིགས་ན།  ད་ལོའི་སྤྱི་ཟླ ༦ པའི་ཟླ་མཇུག་ཏུ་རང་ལྗོངས་ཀྱིས་ཐོན་ལས་ལ་བརྟེན་ནས་དབུལ་ཕོངས་ཁྲི་ཚོ ༢༢ ལྷག་ཙམ་དབུལ་སྒྲོལ་ཐུབ་པ་བྱས་པ་དང་།  སྐྱེ་ཁམས་ལས་གནས་ཁྲི་ཚོ ༦༥.༥ བཀོད་སྒྲིག་བྱས་པས།  མི ༥༦༦༠༠ སློབ་གསོའི་དབུལ་སྐྱོར་ཐུབ་པ་དང་མི ༢༨༠༠༠ ལས་ཞུགས་སྤོ་བསྒྱུར་ཐུབ་པའི་ནང་རྩལ་ནུས་སྦྱོང་བརྡར་སྤྲད་རྗེས་མི༥༨༠༠ ལས་ཞུགས་ཐུབ་པ་རེད།  འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད།  རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་ཀར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།  སྤྱི་ལོ ༢༠༡༦ ནས ༢༠༡༨ ལོའི་བར་རང་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་ནང་ལེགས་པར་དཔྱད་འདེམས་བྱུང་ཡོད།  ལོ་གསུམ་ནང་ལྗོངས་ཡོངས་ཀྱི་དབུལ་ཕོངས་རྫོང་༼ཆུས༽༥༥ ཡི་ཁོངས་ནང་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ཁྲི་ཚོ ༤༧.༨ གི་དབུལ་ཞྭ་ཕུད་ཐུབ་ཡོད། 
གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་ཤིན་ཏུ་དབུལ་བའི་ཁུལ་དང་དབུལ་ཕོངས་མི་འབོར།  ལོ་འཁོར་མོའི་དམིགས་ཚད་ལས་འགན།  སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་སོགས་ལ་དམིགས་ཏེ།  དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་གཏོང་བྱ་རྒྱུ་དང་ཡང་སྐྱར་དབུལ་ལོག་ཐེབས་པ།  ཡོངས་འབབ་དམའ་བའི་མི་ཚོགས་ཀྱི་རོགས་སྐྱོར་སྲིད་ཇུས་ཉུང་བ་སོགས་ཀྱི་གནད་དོན་གསར་པ་གཏན་འགོག་བྱས་ནས།  ཤིན་ཏུ་དབུལ་བའི་ཁུལ་གྱི་དབུལ་གྲོལ་སྤུས་ཚད་དང་གོང་འཕེལ་གཏོང་ཤེད་ཆེ་རུ་བཏང་ནས།  དབུལ་ཕོངས་རྫོང་༼ཆུས༽༡༩ ཡི་དབུལ་ཞྭ་ཕུད་ཐུབ་པ་བྱེད་རྒྱུ་མ་ཟད་དབུལ་ཕོངས་ཁྲི་ཚོ ༡༥ དབུལ་གྲོལ་ཐུབ་པ་བྱེད་རྒྱུ་དང་དབུལ་པོར་འགྱུར་ཚད་བརྒྱ་ཆ ༣ མན་ཆག་པ་བྱས་ཏེ།  ད་ལོའི་ལོ་མཇུག་གོང་དབུལ་པོ་དབུལ་རྐྱང་སྤྱིར་ན་མེད་པ་བཟོ་ཐུབ་པ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]