ལྗོངས་ཏང་ཨུད་ཕྱོཌ་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ལྷན་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཆེད་དོན་ཚོཌ་ཆུང་གིས་ཚོཌ་འདུ་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༨ ཉིན་གྱི་ཕྱི་དྲོ།  ལྗོངས་ཏང་ཨུད་ཕྱོགས་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ལྷན་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཆེད་དོན་ཚོགས་ཆུང་གིས་ཚང་འཛོམས་ཚོགས་འདུ་འཚོགས་ནས།  དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་གཞུང་ལས་ཁང་དང་སྐུལ་འདེད་ཚོགས་ཆུང་ཁག་གི་དུས་མཚམས་གོང་མའི་ལས་ཀའི་འཕེལ་རིམ་གནས་ཚུལ་དང་གོམས་སྟབས་རྗེས་མའི་ལས་ཀའི་བཀོད་སྒྲིག་གནས་ཚུལ་ཉན་པ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་ཕྱོགས་ཡོངས་བསྒྱུར་བཅོས་ཟབ་གཏོང་ཨུ་ལྷན་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཀྲོང་ཡན་གྱིས་ཚོགས་དུའི་ཐོག  བསྒྱུར་བཅོས་ཀྱི་ལས་འགན་ཁག་བརྟན་པོ་དང་ནུས་ལྡན།  གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་བ་དང་།  དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་སྤེལ་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཇེ་ལེགས་དང་།  དོན་དངོས་དང་མཐུན་པ།  མང་ཚོགས་ལ་ཕན་པ་བཅས་བྱེད་དགོས་པའི་ནན་གསུངས་གནང་བ་རེད། 
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་ཝང་ཧེ་ཀྲའུ།  འཇམ་དཔལ་བཅས་ཚོགས་འདུར་ཕེབས་ཡོད། 
ཚོགས་འདུའི་ཐོག་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་དང་སྐྱེ་ཁམས་ཤེས་དཔལ་སྒྲིག་གཞི་བསྒྱུར་བཅོས་ཆེད་དོན་ཚོགས་ཆུང་བཙུགས་ཚུན།  ཁོངས་གཏོགས་ཚན་པ་ཁག་གིས་ལས་དོན་འབོར་ཆེན་སྒྲུབ་པས་གྲོས་མོལ་ལམ་ལུགས་བསྒྱུར་བཅོས་དང་གློད་བསྡོམས་ཞབས་གསུམ་གྱི་བསྒྱུར་བཅོས་གཏིང་ཟབ་སྤེལ་ཐུབ་པ།  ཚོང་གཉེར་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།  གཞུང་ཁུངས་རྒྱུ་ནོར་དང་གཞུང་ཁུངས་ཁེ་ལས་བསྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེ་ཐེབས་པ།  དབུལ་གྲོལ་འགག་སྒྲོལ་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་ཕྱིན་པ།  མ་དངུལ་བསྡུ་གཏོང་ལམ་སྲོལ་བསྒྱུར་བཅོས་དང་རིན་གོང་བསྒྱུར་བཅོས་ཕན་འབྲས་མངོན་གསལ་དོད་པ།  ཚན་རྩལ་དང་ཞིང་ལས་གྲོང་གསེབ།  ཡུལ་སྐོར་བཅས་ཀྱི་སྒྲིག་གཞི་བསྒྱུར་བཅོས་སོགས་ལ་རྣམ་པ་གསར་པ་ཐོན་པ་མ་ཟད།  དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཀྱིས་དེ་མིན་ཁྱབ་ཁོངས་བསྒྱུར་བཅོས་ཐད་ཁྲིད་སྟོན་ནུས་པ་ཡག་པོ་ཐོན་ནས།  ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ།  མགྱོགས་མྱུར་བཅས་ཀྱི་གོང་འཕེལ་རྒྱུན་འཁྱོངས་ཐུབ་རྒྱུར་ལེགས་སྐྱེས་གང་ཡོད་ཕུལ་ཡོད་ཅེས་མཛུབ་སྟོན་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]