ལྗོངས་ཡོངས་ཀྱི་ཞིང་འབྲོག་ཐོན་ལས་གོང་འཕེལ་དང་སྤུས་རྟགས་ལས་ཀའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༠ པའི་ཚེས ༢༥ ཉིན།  ལྗོངས་ཡོངས་ཀྱི་ཞིང་འབྲོག་ཐོན་ལས་གོང་འཕེལ་དང་སྤུས་རྟགས་ལས་ཀའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་ཡོད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་དང་རྡོ་རྗེ་ཚེ་སྒྲུབ་སོགས་ཚོགས་འདུར་ཕེབས་ཡོད།

ཆེ་དགྲ་ལྷས་བོད་ནི་ཏང་ཀྲུང་དབྱང་ནས་གཏན་འཁེལ་གནང་བའི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་།  དེང་སྐབས།  རང་ལྗོངས་ཀྱི་ཞིང་འབྲོག་ཐོན་རྫས ༤༡ ལ་རྒྱལ་ཕྱི་རྒྱལ་ནང་གི་ཞིང་འབྲོག་ཐོན་རྫས་འགྲེམས་སྟོན་གྱི་གསེར་གྱི་རྟགས་མ་ཐོབ་ཡོད་པ་དེས།  ང་ཚོས་སླད་ཕྱིན་ལས་དོན་ཡག་པོ་སྒྲུབ་རྒྱུའི་སེམས་ཆེ་རུ་ཤུགས་ཆེ་ཕྱིན་ཡོད་པས།  སྤུས་རྟགས་ལ་དམ་འཛིན་ངང་རང་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ།  འགོ་འཛུགས་ས་མཐོ་བ་དང་ཚད་གཞི་མཐོ་བ།  བླང་བྱ་ནན་པ་བཅས་ཀྱི་སྒོ་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་གསོ་སྤེལ་རྟེན་གཞི་ཁག་ཅིག་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་དང་།  ཐོན་ལས་ཚོང་འདུས་སྐྱེ་སྲིང་ཤུགས་ཆེ་བྱས་ཏེ་བོད་ཀྱི་སྤུས་ལེགས་གོང་འཕེལ་དང་འབྱུང་འཕྲོད་གོང་འཕེལ་ལ་སྐུལ་འདེད་གཏོང་བ།  ལག་རྩལ་གསར་གཏོད་བརྒྱུད་ཐོན་ལས་འཁོར་སྦྲེལ་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ།  སྒྲིག་གཞིའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་གློད་སྡོམ་ཞབས་གསུམ་གྱི་བསྒྱུར་བཅོས་སྔར་བས་གཏིང་ཟབ་བྱས་ཏེ།  ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་དང་སྦྲགས།  རྒྱ་ཆེའི་ཁེ་ལས་མཁས་པ་ཚོས་གོ་སྐབས་དམ་འཛིན་བྱས་ཏེ་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དང་སྤུས་རྟགས་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་རྒྱུའི་ཐུགས་རེ་ཡང་གནང་ཡོད།

རིམ་ཁག་ཚན་པ་ཁག་གི་འགན་འཁུར་བ་དང་།  ཁེ་ལས་དང་ཞིང་འབྲོག་ལས་རྟེན་གཞི་ཁག་ཅིག་གི་འཐུས་མི་བཞུགས་མོལ་ཚོགས་འདུར་ཞུགས་ནས།  དེང་སྐབས་ཞིང་འབྲོག་ཐོན་ལས་ཀྱི་དུས་བབ་དང་གོང་འཕེལ་གྱི་བཅུར་བཀག  ཞིང་འབྲོག་ཐོན་ལས་ཀྱི་སྤུས་འབྲས་ལེགས་སུ་གཏོང་རྒྱུ་དང་ཕྱོགས་ཡོངས་ནས་སྤུས་རྟགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཐད་གྲོས་འཆར་བཏོན་གནང་ཡོད།

ཚོགས་འདུ་མ་འཚོག་གོང་ཚོགས་ཞུགས་མི་སྣས་ད་དུང་ལྷ་ས་མི་རིགས་ཁྱད་ལྡན་སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་སྟོན་ལྟེ་གནས་སུ་གཟིགས་སྐོར་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]