ལྗོངས་སྒྲིག་ཨུད་ནས་མང་ཚོཌ་ཀྱི་ཁེ་ཕན་ལ་སྣང་མེད་དང་བཙན་གནོད་གཏོང་བའི་དཔེ་མཚོན་གྱོད་གཞི༥བརྡ་ཁྱབ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད།  མང་ཚོགས་ཀྱི་ཁེ་ཕན་ལ་སྣང་མེད་དང་བཙན་གནོད་གཏོང་བའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་སྤེལ་ཆེད།  ཉེ་དུས།  རང་སྐྱོང་ལྗོངས་སྒྲིག་ཨུད་ནས་མངའ་རིས་ས་ཁུལ་ནོར་སྲིད་ཅུད་ཀྱི་ཅུད་ཀྲང་གཞོན་པ། དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྲིད་ཇུས་མ་དངུལ་འགན་སྲུང་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དམ་ཆོས་ནས་སྲིད་ཇུས་ལག་བསྟར་བྱེད་སྐབས་འགན་འཛོལ་བྱུང་བའི་གནད་དོན་དང་།  ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱི་དབུ་འཛིན་གཞོན་པ་བསོད་ནམས་ཚེ་བརྟན་གྱིས་ལས་ཀའི་སྒྲིག་ཁྲིམས་ནས་འགལ་བའི་གནད་དོན།  ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ཞིང་འབྲོག་ཚན་རྩལ་ཞབས་ཞུ་ས་ཚིགས་ཀྱི་དེ་སྔའི་དབུ་འཛིན་ཚེ་རིང་ཆོས་སྒྲོན་གྱིས་སྒྲིག་འགལ་ངང་རིན་མེད་སྨན་རྫས་ཕྱིར་འཚོང་བྱས་པའི་གནད་དོན།  ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཁམས་རགས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་པ་སངས་དབང་འདུས་ཀྱིས་སྒྲིག་འགལ་ངང་མཉམ་སྡེབ་ས་ཆ་ཉོ་ཚོང་བྱས་པའི་གནད་དོན།  གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་མཇུག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཤང་ཀྲང་ཨོ་བུ་ཆུང་དང་པད་སྡིངས་གྲོང་ཚོའི་ཏང་ཀྲེ་པུའི་ཧྲུའུ་ཅི་ཉི་མ་རྒོད་སྐྱེས།  གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ངག་ཆུང་།  ཏང་ཀྲེ་པུའི་ཧྲུའུ་ཅི་གཞོན་པ་དབང་ལགས།  གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཀྲ་ཕུན་བཅས་ཀྱིས་གནས་སྤོས་དབུལ་སྐྱོར་གྱི་ས་ཆ་བསྡུ་སྤྱོད་ཀྱི་གུན་གསབ་དངུལ་གཞན་སྤྱོད་བྱས་པའི་གནད་དོན་བཅས་མང་ཚོགས་ཀྱི་ཁེ་ཕན་ལ་སྣང་མེད་དང་བཙན་གནོད་གཏོང་བའི་དཔེ་མཚོན་གྱོད་གཞི་ལྔ་བརྡ་ཁྱབ་བཏང་བ་རེད། 
བརྡ་ཁྱབ་ནང་།  ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་།  སྟོབས་ཤུགས་གཅིག་སྒྲིལ་ངང་ཆེད་དོན་བཅོས་སྒྲིག་བྱས་ཏེ་ཆེད་དོན་བཅོས་སྒྲིག་ཁྲོད་ཀྱི་ཉམས་མྱོང་དང་བྱ་ཐབས་བཟང་པོ་དེ་དག་ལམ་ལུགས་ཀྱི་རྣམ་པའི་ཐོག་གཏན་འཁེལ་ཡོང་བ་བྱས་ནས།  བཅོས་སྒྲིག་གི་ཕན་འབྲས་བརྟན་དུ་དང་གཏིང་ཟབ་ཏུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]