བསྟན་ཁོས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས༢༠པ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-31

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༠ པའི་ཚེས ༢༩ ཉིན་གྱི་ཕྱི་དྲོ།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངག་ལྟར།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་ཁོས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས ༢༠ པ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག  སྐྱིད་སྡུག་མཉམ་མྱོང་གི་ལོ་ངོ་དྲུག་ཅུ་སྟེ་བོད་རང་སྐྱོང་ལྗོངས་སྲིད་གྲོས་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་རྩ་འཛིན་ལ་ཞིབ་འཇུག་གྲོས་བསྡུར་བྱས་པ་དང་།  བོད་རང་སྐྱོང་ལྗོངས་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་ལས་དོན་གཏན་འབེབས་ཀྱི་ཚོད་ལྟ་ལག་བསྟར་དང་།  མཐའ་མཚམས་ཤང་གྲོང་རྡལ་ཁག་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོ་དང་གཉིས་པའི་ཤང་གྲོང་རྡལ་ནང་འཇུག་རྒྱུའི་སྐོར་གྱི་ཆེད་དོན་བརྟག་ཞིབ་སྙན་ཞུར་གྲོས་ཞིབ་བྱས་པ་མ་ཟད།  རང་ལྗོངས་ཀྱི་སྤྱི་དབང་མ་ཡིན་པའི་དཔལ་འབྱོར་གོང་འཕེལ་སྲིད་ཇུས་དོན་འཁྱོལ་ཡོང་རྒྱུར་སྐུལ་སྤེལ་གཏོང་རྒྱུའི་དུས་ཚིགས་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུའི་སྐོར་ལ་དཔལ་འབྱོར་དང་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གིས་གནང་བའི་གནས་ཚུལ་སྙན་ཞུ་དང་།  རང་ལྗོངས་ཀྱི་འབྲོག་ལས་དཔལ་འབྱོར་དེ་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་ཇི་ལྟར་གཏོང་རྒྱུའི་དུས་ཚིགས་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུའི་སྐོར་ལ་ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གིས་གནང་བའི་གནས་ཚུལ་སྙན་ཞུ་ཡང་ཉན་པ་རེད།

ཚོགས་འདུའི་ཐོག་ད་དུང་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་དོན་དངོས་ལ་དམིགས་པ་དང་གཞི་རིམ་ལ་གཞི་ཚུགས་པ།  མང་ཚོགས་ཕྱོགས་སུ་བསྐྱོད་པ་བཅས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་ཏན་ཏིག་བྱས་ཐོག  མང་ཚོགས་ཀྱི་ཕུགས་རེ་དང་དགོས་མཁོ་རེ་ཞུ་བྱས་ཏེ་དམངས་འཚོའི་བདེ་རྩ་ལེགས་བཅོས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་སྤེལ་གཏོང་དགོས་པ་དང་།  མི་དམངས་སྲིད་གྲོས་འདི་ཉིད་ཆེད་དོན་གྲོས་མོལ་ཚན་པ་ཞིག་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  གྲོས་མོལ་སྟེགས་བུ་ཧུར་ཐག་སྐྲུན་པ་དང་སེམས་ནུས་གཅིག་སྒྲིལ་བྱས་ཏེ་རང་ལྗོངས་ཀྱི་བསྒྱུར་བཅོས་དང་གོང་འཕེལ་གྱི་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]