ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་རྒྱ་ཆེའི་ཚོགས་འདུ་བསྐོང་ཚོགས་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-31

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་རྒྱ་ཆེའི་ཚོགས་འདུ་བསྐོང་འཚོགས་གནང་ནས།  རྒྱལ་ཡོངས་དབུལ་སྐྱོར་ཉིན་མོ་ཐེངས་དྲུག་པ་སླེབས་ཉེར་ཡོད་པའི་སྐབས་སུ་དབུལ་གྲོལ་འགག་སྒྲོལ་ལས་དོན་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་དང་།  སྲིད་བློན་ལི་ཁེ་ཇང་གིས་གནང་བའི་བཀའ་མཆན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཐོག་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་གནང་བ་མ་ཟད།  ཁོར་ཡུག་སྲུང་སྐྱོབ་ལས་དོན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་བཀའ་མཆན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་གྱི་གཏན་འབེབས་བརྒྱུད་བསྒྲགས་སློབ་སྦྱོང་ཡང་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ནོར་བུ་དོན་གྲུབ་དང་རྡོ་རྗེ་ཚེ་སྒྲུབ།  རྒྱལ་མཚན་སོགས་ཚོགས་འདུར་ཟུར་ཞུགས་གནང་ཡོད། 
ཆེ་དགྲ་ལྷས་སློབ་སྦྱོང་ནན་ཏན་དང་གོ་བ་ཡག་པོ་ལེན་ནས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་དང་།  ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡི་བླང་བྱར་གཞིགས་ཏེ་སྲ་བརྟན་མཐོར་གཏོང་ལས་ཀར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ།  སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་མུ་མཐུད་རྒྱུན་སྲིང་བྱས་ཐོག  ཡུལ་བབ་དང་བསྟུན་ནས་ཧེ་བག་ཅན་གྱི་སྲིད་ཇུས་བཟོ་དགོས་པ་དང་།  གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་གནས་པའི་གནད་དོན་བཅོས་སྒྲིག་ཧུར་ཐག་བྱས་ཏེ་དབུལ་གྲོལ་འགག་སྒྲོལ་གྱི་ལས་ཀའི་ལས་འགན་ཁག་དུས་བཀག་ལྟར་ལེགས་སྒྲུབ་བྱེད་དགོས་པ།  དབུལ་སྐྱོར་ཐད་རིག་སྐྱོར་དང་བློ་སྐྱོར་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཐོག་ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་རོགས་སྐྱོར་གྱི་བྱ་ཐབས་བཟུང་ཤུགས་ཆེ་རུ་བཏང་ནས།  མང་ཚོགས་ཚོས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ཏེ་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་རྒྱུར་ཁྲིད་སྟོན་བྱེད་དགོས་པ།  དབུལ་གྲོལ་འགག་སྒྲོལ་གྱི་གསོན་ཉམས་དོད་པའི་དཔེ་མཚོན་ཁྱབ་གདལ་ཡག་པོ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 
ཚོགས་འདུའི་ཐོག་ཆེ་དགྲ་ལྷས།  སྐྱེ་ཁམས་ཤེས་དཔལ་གྱི་བསམ་བློ་དང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གནང་བའི་བཀའ་སློབ་དང་བཀའ་མཆན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་།  ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་ཀའི་གཏན་འབེབས་སློབ་སྦྱོང་གནད་འཕིགས་དང་ཁོང་དུ་ཡང་དག་ཆུད་པ་བྱེད་རྒྱུ།  སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་སེལ་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ།  དཔལ་འབྱོར་སྤུས་ལེགས་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་གཙོ་གནད་དུ་བྱས་ཏེ།  ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ།  དམར་ཐིག་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་པ་མ་ཟད།  དོན་དངོས་བྱ་སྤྱོད་ཐོག་ནས་འཛམ་གླིང་གི་མཐའ་མའི་དག་ཞིང་འདིར་སྲུང་སྐྱོང་ཀྱང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]