ཀྲོང་ཡན་གྱིས་ལྷ་སར་དགོན་སྡེ་དོ་དམ་དང་བརྟན་ལྷིང་སྲུང་སྐྱོང་སོགས་ལས་དོན་སྤེལ་ཚུལ་ཐད་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཀྲོང་ཡན་གྱིས་སྤྱི་ཚེས ༣༠ ཉིན།  འབྲས་སྤུངས་དགོན་དང་སེ་ར་དགོན།  ལྷ་ས་གྲོང་ཁྱེར་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ།  ཁྲེང་ཀོན་ཆུས་ཡིག་འབུལ་ཞུ་བཅར་ཅུད་སོགས་སུ་ཕེབས་ནས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་ཚུལ།  བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ་སོགས་ཐད་བརྟག་ཞིབ་གནང་བ་དང་།  དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་འཐབ་ས་དང་པོའི་ལས་བྱེད་ལས་བཟོ་བར་འཚམ་འདྲི་གནང་བ་རེད།  
འབྲས་སྤུངས་དགོན་དང་སེ་ར་དགོན་དུ་ཀྲོང་ཡན་གྱིས་ཏང་གི་སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་དང་དགོན་སྡེ་དོ་དམ་ལ་ཤུགས་སྣོན།  གསར་གཏོད་བྱེད་ཚུལ།  དགོན་སྡེའི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་བྱེད་ཚུལ་བཅས་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས།  རྒྱ་ཆེའི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པས་ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་བྱེད་པའི་སློབ་གསོ་ལག་ལེན་གྱི་བྱེད་སྒོ་སྤེལ་རྒྱུས་གོ་སྐབས་སུ་བྱས་ཏེ།  རྒྱ་ཆེའི་གྲྭ་བཙུན་གྱིས་འདུལ་ཁྲིམས་ནན་པོ་སྲུང་བ་དང་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ།  ཁྲིམས་སྲུང་སྤྱི་འབངས་ཞིག་བྱེད་པ་བཅས་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།  
ལྷ་ས་གྲོང་ཁྱེར་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་རུ་ཀྲོང་ཡན་གྱིས་ལྷ་སའི་རྫོང་༼ཆུས༽ཁག་དང་གཙོ་གནད་དགོན་སྡེ་ཁག་གཅིག་བཅས་ཀྱི་སྡོད་བྱ་བྱེད་ཚུལ་ལ་བཀོད་གཏོང་གནང་སྐབས།  ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ལྷ་སའི་གནས་བབ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་ཏེ།  ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་བཞི་པ་འཚོགས་རིང་ལྗོངས་ཡོངས་ཀྱི་སྤྱི་ཡོངས་རྒྱུན་མཐུད་དང་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།  
ཁྲེན་ཀོང་ཆུས་ཡིག་འབུལ་ཞུ་བཅར་ཅུད་དུ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུད་དང་ལྷ་ས་གྲོང་ཁྱེར་ཡིག་འབུལ་ཞུ་བཅར་ཅུད་ཀྱི་ལས་དོན་སྙན་ཞུ་གསན་པ་དང་སྣེ་ལེན་ཁང་གི་ལས་དོན་པ་དང་བཀའ་མོལ་གནང་སྐབས།  མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཐབས་ལམ་རྒྱ་ཆེར་བཏང་ནས་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་ཁ་གསལ་ཡོད་པ་བྱེད་དགོས་པ་དང་།  ཡིག་འབུལ་ཞུ་བཅར་ལས་བྱེད་པས་ཁྲིམས་ལྟར་ལས་སྒྲུབ་དང་འགལ་ཟླ་བར་འདུམ།  གློ་བུར་དོན་རྐྱེན་ཐག་གཅོད་བཅས་ཀྱི་བྱེད་ནུས་ཆེ་རུ་བཏང་སྟེ་དུས་ཐོག་ཏུ་འགལ་ཟླ་སེལ་ནས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བཟང་པོ་ཞིག་བཏོད་དགོས་ཞེས་གསུངས་པ་རེད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]