ཅང་ཇེས་རང་སྐྱོང་ལྗོངས་མི་རྒྱུན་ཐིང་དུ་ཕེབས་ནས་མི་རྒྱུན་གྱི་གཙོ་གནད་ལས་དོན་ཐད་སྐུལ་འདེད་བཏང་ཚུལ་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཇེས་རང་སྐྱོང་ལྗོངས་མི་རྒྱུན་ཐིང་དུ་ཕེབས་ནས་མི་རྒྱུན་གྱི་གཙོ་གནད་ལས་དོན་ཐད་སྐུལ་འདེད་བཏང་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ཅང་ཇེ་ནས།  མི་རྒྱུན་ཁོངས་གཏོགས་ཀྱིས་ལས་ཞུགས་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་སྟེ་སྐབས་ཐོན་སློབ་ཆེན་སློབ་མའི་ལས་ཞུགས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་བརྩོན་ལེན་བྱེད་དགོས་པ་དང་།  ལས་རིགས་རྩལ་ནུས་ཆེ་རུ་གཏོང་རྒྱུས་རྒྱབ་རྟེན་བྱེད་པ་དང་ཞིང་འབྲོག་པར་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་ངལ་རྩོལ་པའི་རྩལ་ནུས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ།  འགན་འཁྲི་ནན་དུ་གཏོང་བ་དང་ཤུགས་ཚད་ཆེ་རུ་བཏང་སྟེ་ཞིང་པ་ལས་མིའི་གླ་ཕོག་དུས་ཐོག་ཏུ་གཙང་སྤྲོད་ཐུབ་པ་བྱེད་དགོས་པ།  ཧྲན་ཏུང་ལན་ཞང་ལག་རྩལ་སློབ་གླིང་དབར་མཉམ་ལས་གཏིང་ཟབ་བྱས་ཏེ་སྦྱོང་བརྡར་དགེ་རྒན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་རང་ལྗོངས་ཀྱི་སློབ་མ་ཚོའི་ལས་ཞུགས་ལ་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས་པ།  རྒན་གསོའི་འགན་བཅོལ་ལམ་ལུགས་དང་ལས་རིགས་ཀྱི་ལོའི་གླ་ཕོག་སོགས་ཀྱི་ལས་དོན་བསྒྱུར་བཅོས་བརྟན་པོ་བྱས་ཏེ་ཚད་གཞི་མཐོ་བ་དང་བླང་བྱ་ནན་པའི་དམངས་བདེའི་ཞབས་ཞུའི་དཀར་ཁུང་སྤུས་ལེགས་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]