རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ནས་ཉིང་ཁྲིར་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ཐད་བརྟག་ཞིབ་དང་མཛུབ་ཁྲིད་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྒྲིག་ཨུད་ཀྱི་ཧྲུའུ་ཅི། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་སྐོར་ཞིབ་མཛུབ་ཁྲིད་ཚོགས་ཆུང་བཞི་པའི་ཙུའུ་ཀྲང་ཝང་ཝུད་ཏུང་གིས།  ཉིང་ཁྲི་གྲོང་ཁྱེར་དང་བོད་ལྗོངས་ཞིང་འབྲོག་སློབ་གླིང་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ཐད་བརྟག་ཞིབ་མཛུབ་ཁྲིད་གནང་བར་ཕེབས་པ་རེད།

ཝང་ཝུད་ཏུང་གིས་ཉིང་ཁྲི་གྲོང་ཁྱེར་དང་ཀོང་པོ་རྒྱ་མདའ་རྫོང་དུ་སྒྲིག་ཨུད་ལྟ་ཨུད་སོགས་ལས་ཁུངས་དང་ཚན་པར་ཕེབས་ནས།  ས་གནས་ས་ཐོག་ཏུ་དཔྱད་གཞིར་བལྟ་ཀློག་དང་སྤེལ་རེས་སོགས་ཀྱི་བྱ་ཐབས་བརྒྱུད།  བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ཕྱོགས་ཡོངས་ནས་མཁྱེན་རྟོགས་གཏིང་ཟབ་གནང་བ་དང་སྦྲགས།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་།  འབད་འབུངས་ཡར་བརྩོན་དང་ལམ་བཤངས་གསར་གཏོད་བྱས་ཏེ་གཡོ་འགུལ་སྤུ་ཙམ་མེད་པའི་ཐོག་ནས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་དང་།  དུས་བསྟུན་ཡར་བརྩོན་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།

ཝང་ཝུད་ཏུང་གིས་བོད་ལྗོངས་ཞིང་འབྲོག་སློབ་གླིང་དུ་ཏང་ཡོན་དགེ་སློབ་དང་བཞུགས་མོལ་གནང་བ་དང་།  ཁོང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དེ་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་གི་རྩ་བའི་ལས་འགན་དང་ཟུང་འབྲེལ་བྱས་ཏེ།  ཏང་གི་སློབ་གསོའི་མཛད་ཕྱོགས་དང་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་ལག་བསྟར་ལྷོད་མེད་བྱེད་པ་དང་།  སློབ་གླིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་སློབ་གསོའི་བྱེད་སྒོ་སྤེལ་ཏེ།  བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་གྲུབ་འབྲས་ཐོག་ནས་སློབ་གླིང་གི་བྱ་གཞག་ཁག་ལེགས་པ་དང་མགྱོགས་པའི་སྒོ་ནས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]