您没有安装FlashPlayer或版本太低, 请点击获得最新版本FlashPlayer
ཉེ་དུས། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་དུ་ཕེབས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་མ་ཟད་དབུལ་གྲོལ་འགག་སྒྲོལ་ལས་ཀར་ཞིབ་བཤེར་ཡང་གནང་བ་རེད། ཀྲོང་ཡན་ནས་སྔ་རྗེས་སུ་དཔའ་ཤོད་རྫོང་སློབ་ཆུང་གི་ཟ་ཁང་དང་རྫོང་སྤྱི་བདེ་ཅུད་ཀྱི་གཞུང་ལས་ཁང་དུ་ཕེབས་ནས་འགྲེམས་སྟེགས་ལ་གཟིགས་པ་དང་། གཞི་རིམ་ལས་དོན་པ་དང་གླེང་མོལ་གནང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
ཀྲོང་ཡན་ནས་དཔའ་ཤོད་རྫོང་གི་ཚོང་འགུགས་མ་འདྲེན་གྱི་གཙོ་གནད་རྣམ་གྲངས་ཡིན་པའི་དུང་དཀར་ཨར་འདམ་བཟོ་གྲའི་རྣམ་གྲངས་འཛུགས་སྐྲུན་ས་ཚིགས་སུ་ཕེབས་སྐབས། ལས་ཞུགས་དང་མང་ཚོགས་འབབ་འཕར། དབུལ་གྲོལ་གྲུབ་འབྲས་སྲ་བརྟན་བཅས་ཐད་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་གཙོ་གནད་རྣམ་གྲངས་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། དུང་དཀར་ཨར་འདམ་བཟོ་གྲྭ་འདི་ཉིད་ཚོང་འགུགས་མ་འདྲེན་གྱི་དཔེ་མཚོན་ལས་གཞི་ཞིག་ཏུ་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཀྲོང་ཡན་ནས་པད་མ་གྲོང་རྡལ་གཤས་པ་གནས་སྤོས་དབུལ་སྐྱོར་ས་ཚིགས་སུ་ཕེབས་སྐབས། གནས་སྤོས་མང་ཚོགས་ཚོར་འཚོ་བའི་གནས་ཚུལ་བཀའ་འདྲི་ཡང་ཡང་གནང་བ་མ་ཟད། ཁོང་ཚོར་རེ་བ་གང་ཡོད་མེད་བཀའ་འདྲི་གནང་བ་དང་སྦྲགས། དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཤུགས་རྒྱག་ས་གལ་ཆེན་ལ་རྩིས་ཏེ། མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་དང་ལས་ཞུགས་ལས་དོན་དམ་འཛིན་བྱས་ཏེ་གནས་སྤོས་མང་ཚོགས་གནས་སྤོས་དང་གཞི་འཇགས། ཕྱུག་འགྱུར་བཅས་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
དེ་རྗེས་ཀྲོང་ཡན་གྱིས་བཞུགས་མོལ་ཚོགས་འདུ་འཚོགས་གནང་ནས་ས་ཆ་དེ་གའི་ལས་བྱེད་པ་དང་སྤེལ་རེས་གནང་སྐབས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཏན་ཏིག་སྤེལ་ཏེ། བརྗོད་དོན་གཙོ་བོའི་གྲུབ་འབྲས་དེ་དཔའ་ཤོད་རྫོང་གི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེ་མོར་འགྱུར་བ་བྱེད་དགོས་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཀྱི་གནད་དོན་བསྒྱུར་བཅོས་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།།