ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༦ ཉིན་གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ་དང་།  ཚོགས་འདུའི་ཐོག་ལས་ཀའི་སྙན་ཞུ་ཉན་པ་དང་སྦྲགས་དུས་བབ་ལ་དབྱེ་ཞིབ་མཐའ་དཔྱོད་དང་བསམ་བློའི་ངོས་འཛིན་གཅིག་གྱུར།  ལས་དོན་བཀོད་སྒྲིག་བཅས་བྱས་ཡོད་པ་རེད། 
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་ནས།  རྒྱལ་ཁབ་བདེ་འཇགས་ཀྱི་ལས་འགན་ཁག་མགོ་མཇུག་ཡོད་པའི་སྒོ་ནས་ལེགས་སྒྲུབ་བྱས་ཏེ།  ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་གཡུར་ཟའི་གྲུབ་འབྲས་ཐོག་ནས།  ལོ་ཧྲིལ་པོའི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་རེད།
ཏིང་གཡས་ཤས་ནས་གྲོང་ཁྱེར༼ ས་ཁུལ ༽ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་དྲ་རྒྱའི་བདེ་འཇགས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་།  དཀྲོག་གཏམ་བཟོ་བ་དང་དམའ་འབེབས་བྱེད་པ།  ངན་སྐུལ་བྱས་ནས་རྩོད་གཞི་བཟོ་བའི་རིགས་ཤེས་རྟོགས་བྱུང་མ་ཐག་ཁྲིམས་བཞིན་རྡུང་རྡེག་ཚ་ནན་བཏང་ནས་དངོས་ཡོད་ཀྱི་གནོད་འཚེ་གཏན་འགོག་བྱེད་དགོས་པ་དང་།  རིམ་ཁག་ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་དང་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་གྱི་ཆོས་ལུགས་ཚན་པའི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་གྱི་འགན་འཁྲི།  དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཞིབ་ཕྲའི་དོ་དམ་གྱི་འགན་འཁྲི།  འགོ་ཁྲིད་ལས་བྱེད་པའི་དགོན་སྡེར་འབྲེལ་གཏུག་གི་འགན་འཁྲི།  དགོན་སྡེའི་བླ་མ་སྐྱེས་ཆེན་དམ་པའི་དམངས་གཙོ་དོ་དམ་དང་རང་ངོས་དོ་དམ་གྱི་འགན་འཁྲི་བཅས་དོན་འཁྱོལ་ནན་པོ་བྱས་ཏེ།  ཁྲིམས་བཞིན་དགོན་སྡེ་དང་ཆོས་ལུགས་བྱ་བར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས།  ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་འགན་སྲུང་མཐའ་གཅིག་ཏུ་བྱེད་དགོས་པ།  ཕྱོགས་མིའི་ཞབས་ཞུ་དོ་དམ་ལས་དོན་མུ་མཐུད་ཡག་པོ་སྤེལ་དགོས་པ།  རིགས་ཁག་གི་འགལ་ཟླ་དང་རྩོད་གཞི་དང་ལྷག་པར་དུ་ཆད་འགྱངས་གཉིས་ཀྱི་གནད་དོན་ཞིབ་བཤེར་བྱས་ཏེ་སེལ་རྒྱུར་ཤུགས་སྣོན་བརྒྱབ་ནས།  གནད་དོན་ཐག་གཅོད་བྱེད་རྒྱུ་ནར་འགྱངས་མ་བྱེད་པ་མ་ཟད།  འགན་འཁྲིར་མི་གཡོལ་བ་དང་འགལ་ཟླ་དུས་ཐོག་ཏུ་སེལ་ཐུབ་པ་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]