བློ་བཟང་རྒྱལ་མཚན་གྱིས་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོཌ་འདུ་སྐོང་ཚོཌ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའི་ཚོགས་འདུ་སྐོང་ཚོགས་གནང་སྟེ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་གྲ་སྒྲིག་ལས་དོན་ལ་ཞིབ་འཇུག་གནང་བ་དང་།  ཀྲུང་གུང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ནས་ལྗོངས་ཏང་ཨུད་ལ་སྙན་ཞུའི་ཐོ་འགོད་བྱ་བའི་ལས་ཐོ་དང་ལས་ཀའི་གོ་རིམ་མ་ཟིན་ལ་ཞིབ་འཇུག་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་འོད་ཟེར་དང་འཆི་མེད་རིག་འཛིན།  ལིས་ཝུན་ཧན་སོགས་ཚོགས་འདུར་ཕེབས་ཡོད།   

བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གྲ་སྒྲིག་ཡག་པོ་དང་སྒྲིག་འཛུགས་ཡག་པོ་བྱེད་རྒྱུ་ནི།  ལྗོངས་ཏང་ཨུད་ཀྱིས་ང་ཚོར་དཀྲིས་པའི་གལ་ཆེའི་ཆབ་སྲིད་ལས་འགན་ཞིག་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ད་ལྟའི་གལ་ཆེའི་ལས་དོན་ཞིག་ཡིན་པས།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ལས་དོན་ཁག་འཆར་འགོད་ནན་ཏན་དང་གྲ་སྒྲིག་ཞིབ་ཚགས་བྱས་ནས།  རྩ་འཛུགས་ནས་འགོ་ཁྲིད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་སྤེལ་ཏེ།  ཚོགས་འདུ་བདེ་བླག་ངང་འཚོག་ཐུབ་པ་དང་ལེགས་གྲུབ་ཡོང་བ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད། 
བློ་བཟང་རྒྱལ་མཚན་གྱིས་སྙན་ཞུའི་ལམ་ལུགས་ནི་ཏང་གི་ཆབ་སྲིད་འཛུགས་སྐྱོང་གལ་ཆེའི་ལམ་ལུགས་བྱ་ཐབས་ཤིག་ཡིན་པ་དང་།  གལ་ཆེའི་ཆབ་སྲིད་སྒྲིག་ཁྲིམས་དང་རྩ་འཛུགས་སྒྲིག་ཁྲིམས།  ལས་ཀའི་སྒྲིག་ཁྲིམས་བཅས་རེད་ལ་གལ་ཆེའི་ཆབ་སྲིད་ལམ་ལུགས་དང་རྩ་འཛུགས་ལམ་ལུགས།  ལས་ཀའི་ལམ་ལུགས་བཅས་ཀྱང་ཡིན་པས།  རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་ལས་ཁུངས་ཏང་ཙུའུ་ཡིས་རྒྱུན་ཆད་མེད་པར་ཁ་ཕྱོགས་ཁོང་དུ་ཆུད་པ་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ།  སྤྱི་ཡོངས་ཁོང་དུ་ཆུད་པ་བཅས་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཕྱོགས་ཁག་དང་བརྒྱུད་རིམ་ཡོངས་ལ་ཏང་ནས་འགོ་ཁྲིད་རྒྱུ་ཁྱབ་པ་བྱེད་དགོས་པ།  ཏང་ཙུའུ་ཚན་ཁག་གི་ཁོངས་མི་དང་ཏང་ཡོན་ལས་བྱེད་པས་འབྲེལ་ཡོད་གོ་རིམ་ལ་ནན་པོར་གཞིགས་ནས་གལ་ཆེའི་བྱ་བའི་སྙན་ཞུར་གཞིགས་ནས་ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  གལ་ཆེའི་བྱ་བའི་སྙན་ཞུའི་ལམ་ལུགས་དོན་འཁྱོལ་བྱེད་རྒྱུའི་ཐད་མིག་དཔེ་བཏོན་ནས་རྒྱུན་ཆད་མེད་པར་ཏང་གི་རིག་གཞུང་དང་ལམ་ཕྱོགས།  མཛད་ཕྱོགས།  སྲིད་ཇུས་བཅས་ལག་བསྟར་བྱེད་པའི་ཆེད་ལས་ནུས་པ་དང་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]