ཝུའུ་དབྱིང་ཇེས་སྦྲ་ཆེན་རྫོང་དུ་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོར་ཏང་གི་སྐབས༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས༤པའི་དགོངས་དོན་སྒྲོག་འགྲེལ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༡ པའི་ཚེས ༡༥ ཉིན།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ཕེབས་ཏེ།  བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་རང་ངོས་ཀྱི་སློབ་སྦྱོང་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ།  གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ཚོགས་འདུར་ཕེབས་ཡོད་པ་རེད།

ཉིན་ཤས་བསྟུད་མར།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ཏང་ཡོན་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།  དགུན་དུས་སུ་སླེབས་རུང་བོད་བྱང་ཐང་ས་མཐོའི་གང་སར་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་ཡོད།  ཝུའུ་དབྱིང་ཇེ་ནས་རླངས་འཁོར་ལ་སྤྱི་ལེ ༦༠༠ ལྷག་ཙམ་བཞུགས་ཏེ་ས་བབ་མཐོ་བའི་འབྲོག་ཁུལ་དུ་གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པ་དང་འབྲོག་པ་མང་ཚོགས་ཚོ་དང་བྱམས་བརྩེའི་ངང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་གླེང་མོལ་དང་སྤེལ་རེས་བྱས་པ་དང་།  སྦྲ་ཆེན་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཚོར་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བཅས་གནང་བ་རེད།

ཝུའུ་དབྱིང་ཇེས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རེའི་ཏང་གིསལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་སྣོལ་མཚམས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་དང་།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་མཚམས་སུ་དང་རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འགག་རྩའི་དུས་སུ་འཚོགས་པའི་གསར་གཏོད་རང་བཞིན་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་ཞིག་རེད།  ང་ཚོས་ངེས་པར་དུའདུ་ཤེས་བཞིཟབ་ཏུ་གཏོང་བ་དང་།  གདེང་ཚོད་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་པ་དང་།  སློབ་སྦྱོང་དང་གོ་བ་གཏིང་ཟབ་ལོན་པ་དང་ཁོང་དུ་ཟབ་མོ་ཆུད་པར་བྱས་ཏེ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་བློ་གྲོས་དང་སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་བྱེད་པའི་ཐད་གཅིག་སྡུད་བྱེད་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཇེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་།  རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དར་རྒྱས་དང་།  རྒྱལ་ཁབ་ཡུན་རིང་བདེ་འཁོད།  མི་དམངས་བདེ་སྐྱིད་ཁམས་བཟང་བཅས་ཀྱི་གནད་དོན་གལ་ཆེན་དང་།  ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན།  དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བའི་རྩ་བའི་བླང་བྱ།  ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་རང་འགུལ་ཐུབ་པའི་འགན་ལེན་ནུས་ལྡན་བཅས་ཡིན་པས་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།  ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་མཐོ་ཚད་དང་།  ཉེན་ཁ་གལ་ཆེན་ལ་དོགས་ཟོན་དང་སེལ་བའི་འགག་སྒྲོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་དང་ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་བའི་མཐོ་ཚད།  ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དར་རྒྱས་དང་།  རྒྱལ་ཁབ་ཡུན་རིང་བདེ་འཁོད།  མི་དམངས་བདེ་སྐྱིད་ཁམས་བཟང་བཅས་ཀྱི་མཐོ་ཚད།  མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་མཐོ་ཚད།  དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བའི་མཐོ་ཚད།  སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་གྱི་མཐོ་ཚད་བཅས་ནས།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་པར་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་དང་།  ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་དང་།  ལག་བསྟར།  དོན་འཁྱོལ་བཅས་བྱེད་པའི་བསམ་བློའི་རང་རྟོགས་དང་།  ཆབ་སྲིད་ཀྱི་རང་རྟོགས།  བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཇེས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་ ༦༠ ཡི་རིང་གི་འོད་སྟོང་འཕྲོ་བའི་འཕོ་འགྱུར་དང་ཟུང་འབྲེལ་བྱས་ཏེ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་ལེགས་ཆར་གསལ་འགྲེལ་གཏིང་ཟབ་གནང་བ་རེད།  ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་སྤྱི་ཚོགས་ལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་།  བོད་ཀྱི་འཕེལ་རྒྱས་ལ་དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་གྱི་མཆོང་སྐྱོད་རླབས་ཆེན་མངོན་འགྱུར་བྱུང་ཡོད།  ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་སྟངས་འཛིན་དང་ཇུས་འགོད་གནང་སྟེ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་འཐབ་ཇུས་གནས་བབ་གལ་ཆེར་འདི་སྔར་བྱུང་མྱོང་མེད་པའི་མཐོ་ཚད་དུ་སླེབས་པར་བྱས་ཏེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་སྒུལ་ནུས་ཆེན་པོ་བསྣན་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་དུས་རབས་གསར་པ་གཏོད་འགོ་ཚུགས་ཡོད་ཅེས་གསུངས་པ་རེད།

ནག་ཆུ་གྲོང་ཁྱེར་དང་སྦྲ་ཆེན་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་།  ཞི་མཐུན་བརྟན་ལྷིང་།  སྣོད་བཅུད་སྲུང་སྐྱོང་།  ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་དམིགས་ནས།  ཝུའུ་དབྱིང་ཇེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་།  རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་།  སྤྱིའི་དམིགས་ཚད།  གཙོ་གནད་ལས་འགན་བཅས་ལ་གཙོ་གནད་གསལ་འགྲེལ་གནང་ཞིང་།  ཁོང་གིས།  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་འབབ་ས་ཁོང་དུ་ཟབ་མོ་ཆུད་པ་དང་།  དམངས་ཀྱི་འདོད་བློ་དང་མཐུན་པ།  དམངས་ཀྱི་སེམས་ཁྲལ་སེལ་བ།  དམངས་ལ་ཁེ་ཕན་དོན་གཉེར་བཅས་ཀྱི་དོན་དངོས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཡག་པོ་བསྒྲུབས་ནས་དམངས་འཚོ་རྒྱུན་ཆད་མེད་པར་འགན་ལེན་དང་ལེགས་སུ་གཏོང་བ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་བ་དང་།  ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་ལམ་ལུགས་ཀྱི་ལེགས་ཆ་བཅོས་སྐྱོང་གི་ཕན་ནུས་ལ་གྱུར་པར་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཚོར་སེམས་དང་།  ཐོབ་ཚོར།  བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།  སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་མ་བྱུང་སྔོན་འགོག་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་།  གནད་དོན་ཆེན་པོ་མ་ཐོན་སྔོན་འགོག་ལ་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ།  འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ་བཅས་བྱས་ཏེ།  གཏན་ལ་འཁེལ་བའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ལ་དམ་འཛིན་ནན་པོ་དང་།  ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ།  མང་ཚོགས་ཚོར་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་དང་།  སྤྱི་ཚོགས་བཅོས་སྐྱོང་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བར་སྔར་བས་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་།  ཡུན་རིང་བརྟན་ལྷིང་།  ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས།  སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཟབ་མོ་བཙུགས་ནས་འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱེད་དགོས།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་།  དྲིལ་བསྒྲགས།  ལག་བསྟར་བཅས་གཏིང་ཟབ་བྱེད་པ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པར་ཤུགས་རྒྱག་པ་དང་།  བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བར་ཁ་ཞེ་གཉིས་མེད།  མང་ཚོགས་ཀྱི་སློབ་གསོ་ཁྲིད་སྟོན་ལ་ཕན་འབྲས་དངོས་ཐོན་པ།  རྩ་བ་བརྟན་སྲུང་དང་གསར་གཏོད་ཡོང་བར་ཚད་བརྒལ་བྱེད་པ།  ལག་བསྟར་དོན་འཁྱོལ་ཐད་ཆབ་སྲིད་ལ་སྣང་ཆེན་བཅས་བྱས་ཏེཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའིབརྗོད་དོན་གཙོ་བོའི་སློབ་གསོ་དངསྣང་ཆེན་བཞི་དང་དགའ་ཞེན་བཞིའིམང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]