ལྗོངས་མི་དམངས་འཐུས་ཚོཌ་སྐབས༡༡པའི་ཚོཌ་འདུ་ཐེངས༣པའི་གྲོས་རིམ་ཁག་ལེཌ་གྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༡ ཉིན་གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་ལྷ་སར་རྒྱལ་ཁའི་ངང་གྲོལ་བ་རེད།  ཝུའུ་དབྱིང་ཇེ་དང་ཆེ་དགྲ་ལྷ།  ཏིང་གཡས་ཤན།  ཀྲོང་ཡན་སོགས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི།  རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་འབུམ་ཤོག་རིམ་པའི་དབུ་ཁྲིད་བློ་མཐུན་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད། 

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་མཇུག་སྒྲིལ་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།

ཚོགས་ཆེན་ཐོག  རང་སྐྱོང་ལྗོངས་སྲིད་གཞུང་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་།  རང་སྐྱོང་ལྗོངས་ཀྱི་སྤྱི་ལོ ༢༠༡༩ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་གཞི་ལག་བསྟར་བྱས་ཚུལ་དང་སྤྱི་ལོ ༢༠༢༠ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་གཞིའི་སྐོར་གྱི་གྲོས་ཆོད།  རང་སྐྱོང་ལྗོངས་ཀྱི་སྤྱི་ལོ ༢༠༡༩ ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ ༢༠༢༠ ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད།  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད།  བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད།  བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད།  བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུའི་སྲོལ་ཡིག་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། 
བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་ཐོག  
བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུའི་སྲོལ་ཡིག་ལ་ཚང་མས་གྲོས་ཞིབ་བྱས་པ་བརྒྱུད་འདེམས་ཤོག་ཆ་ཚང་གི་ཐོག་ནས་གྲོས་འཆམ་བྱུང་བ་དེ་དུས་རབས་ཀྱི་གོང་འཕེལ་དང་མཐུན་ཡོད།  སྲོལ་ཡིག་དེ་ནི་བོད་ཀྱི་དོན་དངོས་དང་འཚམས་ཤིང་མི་རིགས་ཁག་གི་མི་དམངས་ཚོའི་རེ་སྒུག་ལ་བརྡ་ལན་ཞུ་བའི་གལ་ཆེའི་ཁྲིམས་སྲོལ་ཞིག་ཡིན།  དེའི་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་རྩ་བའི་ཁེ་ཕན་དང་ཐུན་མོང་བསམ་ཚུལ་གང་ལེགས་མངོན་གྱི་ཡོད་པས།  རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་ནུས་ལྡན་ཐེབས་ངེས་རེད་ལ།  རང་ལྗོངས་ཀྱི་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་གལ་འགངས་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཡང་ཐེབས་ངེས་རེད་ཅེས་གསུངས་པ་རེད།

བློ་བཟང་རྒྱལ་མཚན་གྱིས་སྤྱི་ལོ ༢༠༢༠ ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་གཏོང་བ།  ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་མཇུག་བསྡུ་བ་བཅས་ཀྱི་ལོ་ཞིག་ཡིན་ཞིང་།  ད་ལོའི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་ནི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་སྒྲུབ་རྒྱུར་ཧ་ཅང་གལ་ཆེན་པོ་ཡོད་པས།  ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་།  བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས།  མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་ཁག་གི་དམིགས་ས་དང་ཤུགས་རྒྱག་ས་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ།  བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས་པ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པ་བརྒྱུད་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།  ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་བསམ་བློ་དང་སྤྱི་ཚོགས།  ཁྲིམས་སྐྱོང་བཅས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་བླ་ན་མེད་པའི་རྒྱལ་ཁོངས་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས་པ།  མི་དམངས་ལྟེ་བར་འཛིན་པའི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་སྲིད་གཞུང་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་གཞིར་བཟུང་།  འགག་སྒྲོལ་ཆེན་མོ་གསུམ་གྱི་ལས་དོན་རྒྱུན་མཐུད་ཡག་པོ་སྤེལ་བ་དང་སྤུས་ལེགས་གོང་འཕེལ་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ།  བསྒྱུར་བཅོས་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་གཏོང་བ།  མཐུན་སྦྱོར་གོང་འཕེལ་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ།  གྲོང་གསེབ་དར་རྒྱས་འཐབ་ཇུས་རྒྱུན་མཐུད་ལག་བསྟར་བྱེད་པ།  དམངས་འཚོ་འགན་སྲུང་དང་ལེགས་བཅོས་རྒྱུན་མཐུད་བྱེད་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་སྣང་དང་སྐྱིད་སྣང་།  བདེ་ཐང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་སྟེ།  མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྱོང་བརྒྱུད་བོད་ལྗོངས་ས་མཐོའི་སྐྱེ་ཁམས་སྔར་བས་ལེགས་པོ་ཡོང་བ་བྱེད་དགོས་པ།  སྤྱོད་ཚུལ་འཛུགས་སྐྱོང་ལ་དམིགས་ནས་ཏང་གི་དམིགས་ཡུལ་ལག་ལེན་བསྟར་བ་དང་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ནས་སེམས་ནུས་དེ་བས་མང་བ་དོན་འཁྱོལ་དམ་འཛིན་བྱེད་རྒྱུའི་ཐོག་བཞག་ཏེ།  སྤྱོད་ཚུལ་བཟང་པོའི་ཐོག་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ནས།  ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངག་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་བྱེད་དགོས་པ་བཅས་ཀྱི་འཛུབ་སྟོན་གནང་བ་རེད། 
བློ་བཟང་རྒྱལ་མཚན་གྱིས་མཇུག་ཏུ།  དུས་རབས་གསར་པར་རྣམ་པ་གསར་པ་གཏོད་དགོས་པ་དང་། འགན་འཁྲི་གསར་པར་གཞིགས་ནས་བྱས་རྗེས་གསར་པ་འཇོག་དགོས་ཀྱི་ཡོད་པས།  ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས།  ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ།  ད་རེས་ཀྱི་ཚོགས་ཆེན་བཅས་ཀྱི་མཛད་ཇུས་བཀོད་སྒྲིག་ཁག་གཞིར་བཟུང་འགན་འཁྲི་ཡག་པོ་འཁུར་བ་དང་དཀའ་གནད་འགག་སྒྲོལ་བྱས་ཏེ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རླབས་ཆེའི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱས་ནས།  དུས་རབས་གསར་པའི་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་ཐུབ་པ་བྱེད་དགོས་ཀྱི་རེད་ཅེས་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]