ཆེ་དགྲ་ལྷ་ནས་སྤུས་ལེཌ་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ་འབྱོར་འབྲིང་སྤྱི་ཚོཌ་སྐྲུན་པའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་།  ད་ལོ་རང་ལྗོངས་ཀྱིས་སྤུས་ལེགས་གོང་འཕེལ་ལ་མུ་མཐུད་སྐུལ་འདེད་བཏང་སྟེ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་མཛུབ་སྟོན་གནང་ཡོད།

ཞིང་ལས་དང་གྲོང་གསེབ་གོང་འཕེལ་མགྱོགས་པོ་གཏོང་རྒྱུ་སྟེ།  གྲོང་གསེབ་དར་རྒྱས་ལ་མུ་མཐུད་སྐུལ་སྤེལ་བཏང་ནས་ཞིང་འབྲོག་ཁུལ་སྤུས་ལེགས་གོང་འཕེལ་འགྲོ་རྒྱུར་གང་མགྱོགས་སྐུལ་སྤེལ་གཏོང་རྒྱུ་དང་།  ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་འབྲེལ་བ་ཡོད་བའི་དམངས་ཕན་བྱ་ཐབས་བཅུ་ལག་ལེན་བསྟར་རྒྱུ།  ནས་ཐོན་འབབ་བརྟན་པོ་རྒྱུན་སྲིང་བྱས་ནས་ལས་སྣོན་ཞིབ་ཚགས་ལ་སྐུལ་སྤེལ་གཏོང་རྒྱུ།  སྔོ་ཚལ་དང་ཤ་རིགས།  འོ་མ་བཅས་ཀྱི་ཐོན་འབབ་ཀྲོན་ཁྲི་ཚོ ༡༠ ཟིན་པ་བྱེད་རྒྱུ།  ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་ཚོ ༧༥ དང་སྤུས་ལེགས་གཟན་རྩྭའི་རྟེན་གཞི་མུའུ་ཁྲི་ཚོ ༡༠ འཛུགས་སྐྲུན་བྱེད་རྒྱུ།  ས་ཞིང་མུའུ་ཁྲི་ཚོ ༢༠༠ ཡི་སྤུས་ཀ་ལེགས་གཏོང་ལས་གཞི་དང་ཕྱུགས་ཟོག་མགོ་གྲངས་ཁྲི་ཚོ ༣༠ རིགས་རྒྱུད་བཟང་དུ་གཏོང་བའི་ལས་གཞི་ལག་ལེན་བསྟར་རྒྱུ།  བཟང་པོ་བཞི་ལྡན་གྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་མགྱོགས་པོ་བྱེད་རྒྱུ་དང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཉིས་སྟོང་གསར་སྐྲུན་དང་སྒྱུར་བཟོ་བྱས་ཏེ།  ཆ་རྐྱེན་འཛོམས་པའི་ཤང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་ཁག་སོ་སོར་བརྒྱ་ཆ ༩༥ དང་བརྒྱ་ཆ ༧༥ ཟིན་པ་བྱེད་རྒྱུ་མ་ཟད་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་ཀྱང་ཁག་སོ་སོར་བརྒྱ་ཆ ༡༠༠ དང་བརྒྱ་ཆ ༨༠ ཟིན་པ་བྱེད་རྒྱུ།  གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་བྱེད་རྒྱུ།  ཞིང་འབྲོག་པའི་མཉམ་ལས་ཁང་རིམ་སྤོར་བྱས་ནས་མཉམ་སྡེབ་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།  ཁྱད་ལྡན་གྲོང་རྡལ་ཆུང་གྲས་དང་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ།  ཞིང་ལས་ཐོན་ལས་སྟོབས་ཆེའི་གྲོང་རྡལ་བཅས་འཛུགས་སྐྲུན་བྱེད་རྒྱུ།  འཚོ་སྡོད་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ།  ཞིང་གསུམ་གྱི་འགན་བཅོལ་ཁྱབ་ཚད་རྒྱ་སྐྱེད་གཏོང་རྒྱུ།  མཁོ་འཚོང་ཁང་བསྒྱུར་བཅོས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ།  ཞིང་འབྲོག་ལས་ཀྱི་མཁོ་ཆོད་ལག་རྩལ་ཁྱབ་གདལ་བཏང་ནས་གཙོ་གནད་རྫོང་དང་ཤང་སུམ་བརྒྱའི་ཚན་རྩལ་ཞབས་ཞུའི་ཆ་རྐྱེན་ལེགས་སུ་བཏང་ནས་གྲོང་ཚོ་རིམ་པའི་ཚན་རྩལ་མི་སྣའི་ཁ་གསབ་རོགས་དངུལ་སྤོར་རྒྱུ།  གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་གླ་ཆ་དང་ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའི་ཚད་གཞི་ལོའི་ནང་མི་རེར་ཆ་སྙོམས་སྒོར ༡༥༠༠ ཡན་སྤོར་རྒྱུ་བཅས་རེད།

རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སྟེ།  རྒྱལ་ཁབ་ཀྱི་མ་འཇོག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དམངས་ཁྲོད་ཀྱི་མ་འཇོག་བརྟན་ཐོག་འཕར་སྣོན་ཡོང་རྒྱུར་སྐུལ་སྤེལ་གཏོང་བ་དང་།  སྲིད་གཞུང་གི་བུ་ལོན་མ་དངུལ་གྱིས་དམངས་འཚོའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གཏོང་བ།  བོད་སྐྱོར་འཆར་འགོད་དང་ལོ་འཁོར་འཆར་གཞི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས།  སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་བརྒྱ་ཆ ༥ ཡས་མས་འཕར་བ་བྱེད་རྒྱུ་དང་།  ཁྲོན་བོད་ལྕགས་ལམ་བསྐྲུན་འགོ་བཙུགས་པར་གཞོགས་འདེགས་དང་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ།  ལྷ་གཞིས་རིམ་མཐོའི་གཞུང་ལམ་ཁྱོན་ཡོངས་ནས་ལས་འགོ་འཛུགས་རྒྱུ།  ནག་ཆུ་ནས་ལྷ་ས་བར་དང་ཆབ་མདོ་ནས་ལྕགས་ཁ་བར་གྱི་རིམ་མཐོའི་གཞུང་ལམ་བསྐྲུན་ནས་འཁོར་རིགས་ཤར་གཏོང་ཐུབ་པ་བྱེད་རྒྱུ།  ཞིང་ནང་ཆུ་འདྲེན་གྱི་མཐའ་མའི་འགག་གནད་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་ཏེ་ཞིང་ཆུ་འདྲེན་ཁུལ་མུའུ་ཁྲི་ཚོ ༡༢༠ གསར་སྣོན་དང་ལེགས་བཅོས་བྱེད་རྒྱུ།  རེས་འཁོར་གསར་པའི་གྲོང་གསེབ་གློག་དྲ་བསྒྱུར་བཅོས་རིམ་སྤོར་བྱེད་རྒྱུ།  རྒྱལ་ཡོངས་ཀྱི་གློག་དྲ་ཁེར་རྐྱང་གི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་ཡིན་པའི་མངའ་རིས་དང་བོད་དབུས་རྒྱུད་ཀྱི་གློག་དྲ་སྦྲེལ་མཐུད་ཐུབ་པ་བྱེད་རྒྱུ་བཅས་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]