ཝུའུ་དབྱིང་ཇེས་ལྗོངས་མཐའ་སྲུང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ལྷ་སར་འཚོགས་པ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཨང་དང་པོ། རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཇེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  རང་སྐྱོང་ལྗོངས་ཞིང་ཆེན་དང་དམག་དཔུང་རིམ་པའི་དབུ་ཁྲིད་ཆེ་དགྲ་ལྷ་དང་ཏིང་གཡས་ཤན།  ཀྲོང་ཡན་སོགས་ཚོགས་འདུར་ཕེབས་ཡོད།

ཝུའུ་དབྱིང་ཇེ་ནས་རང་ལྗོངས་ཀྱི་མཐའ་སྲུང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས།  རང་སྐྱོང་ལྗོངས་མཐའ་སྲུང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་རྒྱ་ཆེའི་དཔོན་དམག་ཚོ་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཛའ་བརྩེའི་འཚམ་འདྲི་གནང་བ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

ཝུའུ་དབྱིང་ཇེ་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་གདེང་ཚོད་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཐོག་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་སློབ་སྦྱོང་ནན་ཏན་དང་།  བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་འགྱུར་ཡོང་བ་བྱས་ནས།  མཐའ་མཚམས་སྲ་བརྟན་གྱི་འགན་འཁྲི་སྒྲུབ་སེམས་དང་དུས་གཏུག་གི་བསམ་པ་སྔར་བས་ཆེ་རུ་གཏོང་བ་དང་།  མཐའ་ཚད་ཀྱི་བསམ་བློ་རྒྱུན་འཁྱོངས་དང་རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ།  འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འབྲེལ་ཡོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་སྟེ།  བླ་ན་མེད་པའི་རྒྱལ་ཁོངས་མཐའ་གཅིག་ཏུ་སྲུང་རྒྱུ་དང་ཐུན་མོང་ཐོག་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

ཝུའུ་དབྱིང་ཇེ་ནས་ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་པས།  ང་ཚོས་ངེས་པར་དུ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབ་ས་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ།  སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དར་སྤེལ་བཏང་སྟེ་བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་ཅེས་པའི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ནས།  རྐང་པ་བརྟན་པོ་འཛུགས་པ་དང་ཕུགས་རྒྱང་ལ་དམིགས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་མགྱོགས་སུ་གཏོང་བ་དང་མཐའ་དར་དམངས་ཕྱུག་ཐོན་ལས་སྟོབས་ཆེར་གཏོང་བ།  དམག་དམངས་ཉེན་རྟོག་བཅས་ཀྱི་མཉམ་འགོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།  མཐའ་མཚམས་སྲ་བརྟན་གོང་འཕེལ་དང་བདེ་འཇགས་ཡོང་བ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཝུའུ་དབྱིང་ཇེ་ནས་ཏང་གི་འགོ་ཁྲིད་དེ་མཐའ་སྲུང་ལས་དོན་གྱི་ཕྱོགས་ཁག་ཚང་མའི་ནང་ཁྱབ་པ་བྱེད་པ་དང་།  འགན་འཁྲི་ཧུར་ཐག་སྒྲུབ་སྟེ་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་ཆ་ཕྱོགས་སྒྲིག  རང་འགན་རང་འཁུར།  སྤྱི་ཡོངས་མཉམ་འགུལ་བཅས་ཀྱི་ཐོག་ནས་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ།  ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་ཐོག་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་དཀྲིས་པའི་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]