དྲ་ཐོག་དཀྲོག་གཏམ་དང་ཆ་འཕྲིན་རྫུན་མ་སོཌ་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ལ་རང་ལྗོངས་ཀྱིས་རྡུང་རྡེག་ནན་པོ་གཏོང་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་བརྡ་ལན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  དྲ་བའི་བྱ་སྤྱོད་ཚད་ལྡན་ནན་པོ་བཟོ་བ།  དྲ་ཐོག་དཀྲོག་གཏམ་དང་ཆ་འཕྲིན་རྫུན་མ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱས་ཏེ།  རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་བོད་རང་སྐྱོང་ལྗོངས་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་བརྡ་ཁྱབ་བཏང་བ་རེད།

དང་པོ།  ཆ་འཕྲིན་དྲ་བའི་ཐོག་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བ།  རྒྱལ་ཁབ་ཀྱི་སྲིད་དབང་ལ་གཏོར་བཤིག་གཏོང་བ།  སྤྱི་ཚོགས་རིང་ལུགས་ལམ་ལུགས་རྩ་གཏོར་གཏོང་བ་བཅས་ཀྱི་ཆ་འཕྲིན་སྤེལ་བ་དང་ཡང་ན་དཀྲོག་གཏམ་བཟོ་བ་དང་དཀྲུག་ཤིང་རྒྱག་པ།  སྐུར་འདེབས་བྱེད་པ་སོགས་ལ་བརྟེན་ནས་མི་རིགས་དབར་མཐོང་ཆུང་དང་འཁོན་འཛིན་བསླངས་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་སྐྱོན་གཏོང་མི་ཆོག་པ་དང་།

གཉིས་པ།  ཆ་འཕྲིན་དྲ་བའི་ཐོག་ཏང་གི་ཆོས་ལུགས་སྲིད་ཇུས་ལ་དམའ་འབེབ་གཏོང་བའི་གཏམ་བཤད་སྤེལ་བ་དང་།  ཆོས་ལུགས་ཀྱི་ཐལ་ཆེའི་བསམ་བློ་དང་ཁ་ཕྲལ་རིང་ལུགས་ཀྱི་བསམ་བློ་འུད་སྒྲོག་བྱེད་པ།  མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་འཁང་ར་བྱེད་རྒྱུར་ངན་སྐུལ་བྱེད་པ།  ངན་སྦྲེལ་བྱས་ཏེ་མང་ཚོགས་རང་བཞིན་གྱི་དོན་རྐྱེན་སློང་བ་བཅས་བྱེད་མི་ཆོག་ལ།  དྲ་བ་བེད་སྤྱད་དེ་ཆོས་ལོག་དང་བཀས་བཀོད་རྒྱུན་འཛིན་གྱི་རྨོངས་དད་བརྒྱུད་བསྒྲགས་སོགས་ཀྱང་བྱེད་མི་ཆོག་པ།

གསུམ་པ།  ཆ་འཕྲིན་དྲ་བ་བེད་སྤྱད་དེ་མང་ཚོགས་ཀྱིས་དྲག་ཤུགས་ཐོག་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་ཁྲིམས་ལྟར་རིམས་ནད་འགོག་བཅོས་ཐད་བཟུང་བའི་རིམས་འགོག་དང་ནད་རིམས་ཞིབ་བཤེར།  བཙན་ཤེད་ཀྱི་ལོགས་དབྱེ།  ལོགས་དབྱེ་སྨན་བཅོས་སོགས་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་བཟུང་བར་འགོག་རྒོལ་བྱེད་རྒྱུར་ངན་སྐུལ་བྱེད་མི་ཆོག་པ།

བཞི་པ།  ལྗོངས་ཡོངས་ཀྱི་རིམ་ཁག་རིགས་ཁག་གི་དྲ་ཚིགས་དང་སྤྱི་པའི་ཨང་རྟགས།  འགུལ་འཕྲིན་སྤྱོད་སྣེ་སོགས་དྲ་བའི་སྟེགས་བུས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་བརྩི་སྲུང་ནན་པོ་ཞུས་ནས་ཆ་འཕྲིན་གྱི་འབྱུང་ཁུངས་དང་ནང་དོན་ལ་ཞིབ་བཤེར་བྱེད་དགོས་པ།

ལྔ་པ།  རིགས་ཁག་གི་དྲ་བའི་སྟེགས་བུ་དང་རྒྱ་ཆེའི་དྲ་དམངས་ཀྱིས་དྲ་བའི་ཐོག་ནས་ཆ་འཕྲིན་བརྒྱུད་སྤེལ་གྱི་དབྱེ་འབྱེད་ནུས་པ་ཆེ་རུ་བཏང་ནས།  འབྲེལ་ཡོད་ཆ་འཕྲིན་གཞུང་ཕྱོགས་ཀྱི་དབང་གྲགས་ལྡན་པའི་འགྲེམ་སྤེལ་ལ་གཞི་འཛིན་དགོས་པ།

དྲུག་པ།  མཉམ་འབྲེལ་དྲ་རྒྱའི་ཚོགས་པ་འཛུགས་མཁན་དང་དོ་དམ་བྱེད་མཁན་གྱིས་ཚོགས་པའི་དོ་དམ་འགན་འཁྲི་ལག་བསྟར་ནན་ཏན་བྱས་ནས།  ཚོགས་པའི་དྲ་བའི་བྱ་སྤྱོད་དང་ཆ་འཕྲིན་སྤེལ་རྒྱུ་ཚད་ལྡན་བཟོ་དགོས་པ་དང་ཁོངས་མིས་ཚོགས་པ་དེའི་ཆ་འཕྲིན་སྤེལ་རེས་ནང་ཞུགས་སྐབས་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་ཤེས་དཔལ་ངང་ཕན་ཚུན་སྤེལ་རེས་དང་དཔྱོད་ཤེས་ཀྱིས་ལྟ་སྟངས་གླེང་དགོས་པ།

བདུན་པ།  མི་སྒེར་གྱི་གསང་བར་བརྩི་བཀུར་དང་སྲུང་སྐྱོབ་བྱས་ནས་སྤྱི་དམངས་མི་སྒེར་གྱི་གསང་བའི་ཆ་འཕྲིན་དྲ་བའི་ཐོག་བརྒྱུད་སྤེལ་མི་བྱེད་པ་དང་།  གཞན་གྱི་མཚན་སྙན་དང་གསང་བར་གནོད་པའི་དྲ་ཐོག་གི་ཁྲིམས་འགལ་བྱ་སྤྱོད་མི་སྤེལ་བ་བཅས་རེད།

བརྡ་ཁྱབ་ནང་།  མཉམ་འབྲེལ་དྲ་རྒྱ་ནི་ཁྲིམས་ལས་གྲོལ་བའི་གནས་ཤིག་མ་ཡིན་པས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་དྲ་འཕྲིན་དང་སྤྱི་བདེ་ཚན་པས་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་།  འབྲེལ་ཡོད་མི་སྣ་དང་དྲ་བའི་སྟེགས་བུའི་ཁྲིམས་ལུགས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུའི་མཛུབ་སྟོན་བྱས་པ་དང་།  རྒྱ་ཆེའི་དྲ་དམངས་ཀྱིས་བཟང་ནུས་ཆ་འཕྲིན་གཏོང་སྤེལ་ཧུར་ཐག་བྱེད་པ་དང་ནད་ཡམས་འགོག་བཅོས་ཤེས་བྱ་དང་སྔོན་འགོག་བྱ་ཐབས་དྲིལ་བསྒྲགས་ཡག་པོ་བྱས་ནས།  རྒྱ་ཆེའི་མང་ཚོགས་ཀྱིས་ནད་ཡམས་ལ་ངོས་འཛིན་ཡང་དག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་དཔོད་ཕྲན་དང་འཕྲིན་ཕྲན།  ཁྱུག་དབྱིངས་སོགས་དྲ་བའི་སྟེགས་བུའི་ཐོག་བདེན་པ་མ་ཡིན་པའི་ཆ་འཕྲིན་སྤེལ་བ་དང་ཡང་ན་དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་སྤེལ་བའི་རིགས་ཤེས་རྟོགས་བྱུང་ཚེ་དྲ་འཕྲིན་དང་སྤྱི་བདེ་ཚན་པར་ཐེར་འདོན་ཧུར་ཐག་བྱེད་དགོས་པའི་སྐུལ་ལྕག་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]