ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་ནད་ཡམས་སྔོན་འགོག་ཚོད་འཛིན་སོགས་བྱེད་ཚུལ་ལ་ཏིང་གཡས་ཤན་གྱིས་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་ཏིང་གཡས་ཤན་གྱིས་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་ཕེབས་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ།  དཔྱིད་དུས་ཀྱི་སློབ་འགོ་འཛུགས་ཚུལ།  གཙོ་གནད་ལས་དོན་གྱི་འཕེལ་རིམ་སོགས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སློབ་དོན་ཚོགས་པའི་ཁོངས་མི་དང་འབྲེལ་ཡོད་ཁྲུའུ་དང་ཁང་གི་བློ་མཐུན་དང་ལྷན་དུ་ཏང་གི་སློབ་གྲྭ་གཉེར་སྐྱོང་དང་སློབ་གྲྭ་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་།  ཀྲུང་གོ་གུང་ཁྲན་ཏང་གི་སློབ་གྲྭའི་ལས་དོན་སྲོལ་ཡིག་དང་རྒྱལ་ཡོངས་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་གི་སློབ་སྤྱིའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་པ་རེད།

ཏིང་གཡས་ཤན་ནས།  ཏང་གི་སློབ་གྲྭའི་བྱ་གཞག་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་།  ཏང་གི་སློབ་གྲྭ་ནི་རང་རེའི་ཏང་གིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་སློབ་གསོ་སྦྱོང་བརྡར་སྤྲོད་པའི་འཐབ་ལམ་གཙོ་བོ་ཡིན་པས།  ངེས་པར་དུ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་ཏང་གི་སློབ་གྲྭའི་ངོ་བོ་དང་དངོས་ཐོག་བདེན་འཚོལ།  སྤུས་ལེགས་སློབ་འཛུགས།  བསྒྱུར་བཅོས་གསར་གཏོད།  སློབ་གྲྭ་ནན་སྐྱོང་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་ཐོག་ནས་ལྷག་བསམ་ལྡན་པ་དང་སྤྱོད་གཙང་ཡིན་པ།  འགན་སེམས་ཆེ་བ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་དཔུང་ཁག་གསོ་སྐྱོང་བྱེད་རྒྱུས་དམིགས་ཚད་གཙོ་བོ་བྱེད་པ་དང་།  ལས་བྱེད་པར་སྦྱོང་བརྡར་དང་བསམ་བློར་ཁྲིད་སྟོན།  རིག་གཞུང་འཛུགས་སྐྱོང་།  འཐབ་ཇུས་བློ་འདྲི་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་གི་སློབ་གྲྭའི་བྱ་གཞག་དང་ཏང་གི་བྱ་གཞག་གོང་འཕེལ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པ་དང་།  ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་དགོས་པ།  སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རང་འགུལ་ངང་འགན་འཁུར་དོན་གཉེར་བྱེད་དགོས་པ།  རིག་གཞུང་གི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཡོངས་ཀྱི་ལས་ཀར་ཞབས་འདེགས་ཞུ་དགོས་པ།  གཙོ་གནད་ལས་ཀ་མངོན་ཆེར་འཛིན་ནས་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། །

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]