རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀྱིས་ཉིང་ཁྲིར་ལྟ་སྐུལ་མཛུབ་ཁྲིད་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༣ ནས ༡༨ ཉིན་བར།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རྩ་འཛུགས་པུའི་པུའུ་ཀྲང་གྲེན་ཡུང་ཆིའི་ཡིས་རུ་སྣེ་ཁྲིད་གནང་སྟེ་ཉིང་ཁྲི་གྲོང་ཁྱེར་དུ་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་།  བརྙན་ལམ་བཀོད་གཏོང་གི་ཚོགས་འདུའི་ཐོག་ནས་ཉིང་ཁྲི་གྲོང་ཁྱེར་དང་རྫོང་༼ཆུས༽བདུན་གྱི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་གསན་ཞིང་།  ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དང་ཆེས་བྲིན་བོད་སྨན་བཟོ་གྲྭ།  ཀོང་པོ་རྒྱ་མདའ་རྫོང་སུམ་མདོ་ཞིབ་བཤེར་ས་ཚིགས་སོགས་སུ་ཕེབས་ནས།  བརྟན་ལྷིང་སྲུང་སྐྱོང་དང་ནད་ཡམས་འགོག་ཟོན།  དབུལ་གྲོལ་འགག་སྒྲོལ།  གཞི་རིམ་ཏང་འཛུགས་སོགས་ཀྱི་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད།   
གྲེན་ཡུང་ཆིའི་ཡིས་གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སྤྱི་ཚོགས་སྤྱི་ཡོངས་ལ་དོ་དམ་ཡག་པོ་བྱེད་པ་དང་།  འགག་གནད་ཆེ་ས་དང་གཙོ་གནད་ལྷུ་ཚིགས་ལ་དོ་དམ་ཡག་པོ་བྱེད་པ།  ནགས་ཚལ་མེ་ཟོན་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སོགས་ལས་ཀར་ཤུགས་སྣོན་བརྒྱབ་སྟེ།  ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པ་དང་སྔོན་འགོག་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ།  འགན་ལེན་གསུམ་སོགས་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ནས་ཏོག་གསར་གློ་ཚད་ནད་ཡམས་སྔོན་འགོག་ཚོད་འཛིན་ཕྱོགས་ཡོངས་ནས་ཡག་པོ་བྱེད་དགོས་པ་མ་ཟད།  དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་དབུལ་ལོག་མི་ཐེབས་པ་བྱེད་པའི་ལམ་སྲོལ་ཡང་བཙུགས་ནས།  དབུལ་གྲོལ་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཐུབ་པ་བྱེད་དགོས་པ།  ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ།  དཔྱིད་རྨོད་དཔྱིད་འདེབས།  དམངས་འཚོ་འགན་སྲུང་བཅས་ལ་དམ་འཛིན་ཡག་པོ་བྱེད་པ་དང་།  ནད་ཡམས་ཀྱི་ཤུགས་རྐྱེན་ཅུང་ཆེ་བ་ཕོག་པའི་ལས་རིགས་ལ་རོགས་སྐྱོར་བྱེད་པའི་བྱ་ཐབས་ཞིབ་འཇུག་བྱས་ཐོག  ཁེ་ལས་ལེགས་གྲས་དང་ཞིང་འབྲོག་པ་མཉམ་ལས་སྒྲིག་འཛུགས་བྱས་ནས་ཐོན་སྐྱེད་ཡག་པོ་བྱེད་པ་དང་སྤུས་ཚད་ལེགས་སུ་གཏོང་བ།  སྤུས་རྟགས་གཏོད་པ།  ཁྲོམ་ར་རྒྱ་སྐྱེད་གཏོང་བ་བཅས་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ།  གཞི་རིམ་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ།  ལས་ཀར་མཛུབ་ཁྲིད་སོགས་བྱེད་ཤུགས་ཆེ་རུ་བཏང་ཐོག་འགན་འཁུར་ལས་སྒྲུབ་བྱེད་རྒྱུར་སྐུལ་མ་བཏང་ནས།  ཁོང་ཚོར་གཞི་རིམ་ལ་གཞི་ཚུགས་པ་དང་མང་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།།    

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]