གྲོང་གསེབ་འགྲུལ་སྐྱེལ་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུའི་ཐད་ཀྲོང་ཡན་གྱིས་བླང་བྱ་བཏོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་སྲིད་གཞུང་གི་བཀོད་སྒྲིག་ལྟར་སྤྱི་ཚེས ༡༧ ཉིན་གྱི་སྔ་དྲོ།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས།  གྲོང་གསེབ་འགྲུལ་སྐྱེལ་ལས་ཀར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་རྐྱེན་འཛོམས་པའི་ཤང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་རྒྱུན་བཙུགས་འགྲུལ་སྐྱེལ་རླངས་འཁོར་གཏོང་རྒྱུ་སོགས་ཀྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་གནང་བ་རེད། 
ཚོགས་འདུའི་ཐོག གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལས་རིགས་གོང་འཕེལ་གཏོང་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  སྤྱི་ལོ ༢༠༢༠ ལོར་ཆ་རྐྱེན་འཛོམས་པའི་ཤང་གྲོང་རྡལ་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་བརྒྱ་ཆ་བརྒྱ་ཟིན་པ་དང་།  སྒྲིག་ཚུད་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་བརྒྱ་ཆ ༨༠ ཟིན་པ་བྱེད་རྒྱུའི་དམིགས་ཚད་བཏོན་པ་མ་ཟད།  བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་འགྲུལ་སྐྱེལ་ཁ་གསབ་ལག་བསྟར་ཞིབ་སྲོལ་བཟོས་ཏེ་ཞིང་འབྲོག་མང་ཚོགས་ཚོའི
་འགྲུལ་བཞུད་ཐད་ཀྱི་བདེ་འཇགས་དང་གྲོན་ཆུང་།  སྟབས་བདེ་བཅས་ཀྱི་དགོས་མཁོ་བསྐོང་རྒྱུ་དང་།  རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པའི་མཛུབ་སྟོན་བྱས་པ་རེད། 
ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པས་ཚན་རིག་དང་མཐུན་པའི་ཁ་གསབ་སྲིད་ཇུས་བཏོན་ནས།  རང་ལྗོངས་ཀྱི་གྲོང་གསེབ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་དང་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས་པ་དང་།  གྲོང་གསེབ་འགྲུལ་སྐྱེལ་གོང་འཕེལ་ཁྲོད་གནས་མུས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་ཞིང་འབྲོག་མང་ཚོགས་འགྲུལ་བཞུད་ཀྱི་མཐའ་མའི་འགག་གནད་ལས་དོན་ཡག་པོ་སྒྲུབ་དགོས་པ།  སྤྱི་ལོ ༢༠༢༠ ལོར་ཆ་རྐྱེན་འཛོམས་པའི་ཤང་གྲོང་རྡལ་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་བརྒྱ་ཆ་བརྒྱ་ཟིན་པ་དང་།  སྒྲིག་ཚུད་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་བརྒྱ་ཆ ༨༠
ཟིན་པ་བྱེད་རྒྱུའི་གཏན་འཁེལ་ཟིན་པའི་དམིགས་ཚད་སྒྲུབ་དགོས་པ།  ལྟ་སྐུལ་དཔྱད་ཞིབ་ལ་ཤུགས་སྣོན་རྒྱབ་ཏེ་སྲིད་ཇུས་སྒྲོག་འགྲེལ་ཡག་པོ་བྱེད་པ་དང་རིགས་ཁག་གི་ཁ་གསབ་སྲིད་ཇུས་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་ཁག་དུས་ཐོག་ཏུ་དོན་འཁྱོལ་བྱས་ཏེ།  གྲོང་གསེབ་འགྲུལ་སྐྱེལ་ལས་རིགས་སྐྱོན་བྲལ་དང་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་དགོས་པ་བཅས་བྱེད་རྒྱུའི་བླང་བྱ་བཏོན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]