འཇམ་དཔལ་གྱིས་སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ཁུལ་གྱི་མང་ཚོགས་སྐྱེ་ཁམས་གནས་སྤོའི་བཀོད་སྒྲིག་ས་ཚིཌ་སོགས་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༨ ཉིན།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་འཁྲིད་དེ་སྲིན་བུ་རིའི་ས་བབ་ཆེས་མཐོ་བའི་ཁུལ་གྱི་མང་ཚོགས་སྐྱེ་ཁམས་གནས་སྤོའི་བཀོད་སྒྲིག་ས་ཚིགས་དང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་ཕེབས་ནས།  གནས་སྤོ་བྱེད་གནས་ཀྱི་ངལ་ནུས་དང་སྔོ་ལྗང་བདག་སྐྱོང་།  སྡེ་ལས་གཙང་སྦྲ་བཅས་ཀུང་སི་གསུམ་འཛུགས་པའི་གནས་ཚུལ་དང་།  གནས་སྤོས་ས་ཚིགས་དང་ཆུ་ཤུར་རྫོང་གི་ཤིང་འཛུགས་ནགས་བཟོའི་གྲ་སྒྲིག་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། 
བརྟག་ཞིབ་ཚོགས་ཆུང་གིས་འབྲེལ་ཡོད་གྲོང་ཁྱེར༼ས་ཁུལ༽དང་ཚན་པས་ཀུང་སི་གསུམ་དང་འབྲེལ་བའི་མ་དངུལ་གཏོང་བའི་གྲུབ་ཆ་དང་འཁོར་སྐྱོད་དོ་དམ།  མི་སྣའི་སྦྱོང་བརྡར།  སྒྲིག་བཀོད་ནང་འདྲེན་སོགས་ཀྱི་བསམ་འཆར་ཇུས་གཞི་བཏོན་ནས་ཆེད་ལས་སྦྱོང་བརྡར་སོགས་ཀྱི་འབྲེལ་གཏུགས་མཐུན་སྦྱོར་དང་མང་ཚོགས་ཚོའི་ཁོར་ཡུག་སྲུང་སྐྱོབ་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་།  ངལ་ནུས་དང་སྔོ་ལྗང་།  སྡེ་ལས་གཙང་སྦྲ་བཅས་ཀུང་སིས་ཁག་སོ་སོར་གནས་སྤོས་ས་ཚིགས་ཀྱི་དུས་རིམ་གཉིས་པའི་འཛུགས་སྐྲུན་དང་ལྗང་འགྱུར་ལས་གཞི།  རང་ངོས་དོ་དམ་ལས་དོན་སོགས་ནང་ཞུགས་དགོས་པ།  ནགས་ཚལ་དང་རྩྭ་ཐང་ཚན་པས་ཡར་ཀླུང་གཙང་པོའི་ཆུ་འདྲེན་དང་རི་ལྡེབས་ལྗང་འགྱུར་ཆུ་བེད།  སྡེ་ཁུལ་ལྗང་འགྱུར།  ཨར་སྐྲུན་བདེ་ལམ་འཛུགས་སྐྲུན།  སྔོ་ཁེབས་འདེབས་འཛུགས་སོགས་ཀྱི་ལས་གཞིར་དམ་འཛིན་བྱེད་དགོས་པ།  ཆུ་ཤུར་རྫོང་གིས་འཆར་འགོད་ཇུས་གཞི་དང་ས་འཁོད་སྙོམས་སྒྲིག  རྫས་ལུད་གསོག་པ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་ནས་ས་རྒྱུ་གཤིན་པོར་བརྟེན་ནས་ཡུལ་དེར་འཚམས་པའི་དཔལ་འབྱོར་སྡོང་ཕྲུག་འདེབས་འཛུགས་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]