རང་ལྗོངས་ཀྱིས་ཐོན་སྐྱེད་བདེ་འཇགས་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ནོར་བུ་དོན་གྲུབ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ནོར་བུ་དོན་གྲུབ་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་ཐོན་སྐྱེད་བདེ་འཇགས་ཀྱི་རྙོག་འཛིང་དང་ཛ་དྲག་གི་དུས་བབ་ལ་ངོས་འཛིན་གསལ་པོ་ཐུབ་པ་བྱས་ཏེ།  བདེ་འཇགས་ཀྱི་དམར་ཐིག་མཐའ་ཚད་བརྟན་པོ་སྲུང་དགོས་པ་དང་།  ཉེན་ཁའི་མངོན་མེད་རྐྱེན་རྩ་དང་ཞན་ཆའི་ལྷུ་ཚིགས།  ཆད་སྐྱོན་བཅས་ལ་དམ་པོར་དམིགས་ཏེ་ཞིབ་བཤེར་བྱེད་སྟངས་གསར་གཏོད་དང་ཞིབ་བཤེར་མ་ལག་འཐུས་སྒོ་ཚང་དུ་བཏང་ཐོག  དབྱེ་འབྱེད་ནུས་པ་དང་ལྟ་སྡོམ་ནུས་པ་ཆེ་རུ་བཏང་ནས།  ཐོན་སྐྱེད་བདེ་འཇགས་ཀྱི་མངོན་མེད་རྐྱེན་རྩ་ཆུང་དུས་ནས་མེད་པ་བཟོ་དགོས་པ།  རིམ་པ་དང་རིགས་དབྱེའི་སྒོ་ནས་ཐབས་ཇུས་གནད་འཕིགས་བཟུང་རྒྱུ་རྒྱུན་འཁྱོངས་བྱས་ནས།  ཁེ་ལས་ཀྱི་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་རང་འགུལ་ཞབས་ཞུ་སྒྲུབ་སྟེ།  ལྟ་སྡོམ་སྟབས་བདེ་ཅན་དང་རྒྱུག་པ་ལེབ་བརྡུངས་ཅན་གྱི་སྣང་ཚུལ་གཏན་འགོག་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།

ནོར་བུ་དོན་གྲུབ་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་མང་ཚོགས་ཀྱི་བདེ་འཇགས་ཨང་དང་པོར་བཞག་ནས།  ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་ངང་ཁ་འགྲེམ་རྒྱུ་དང་གནས་བསྒྱུར་བཀོད་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་སྟེ།  སྒྲིག་འཛུགས་བཀོད་འདོམས་དང་མི་སྣ་བཀོད་གཏོང་།  དངོས་ཟོག་འགན་སྲུང་སོགས་ཀྱི་ལས་དོན་ལ་འཕྲལ་སྡོམ་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]