ཅང་ཅེས་རྨོ་ཞིང་སྲུང་སྐྱོང་སོགས་ཀྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་སྐོང་ཚོགས་གནང་ནས།  རང་ལྗོངས་ཀྱི་རྨོ་ཞིང་སྲུང་སྐྱོང་སོགས་ཀྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་ཚོགས་འདུར་ཕེབས་ཡོད།

ཅང་ཅེ་ནས་རྨོ་ཞིང་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་།  སྐྱེ་ཁམས་བདེ་འཇགས།  སྤྱི་ཚོགས་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད་པས་གྲོང་ཁྱེར༼ས་ཁུལ༽ཁག་དང་ཚན་པ་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ།  ཁྲིམས་ལྟར་ས་ཞིང་དོ་དམ་དང་ས་ཞིང་སྤྱོད་པའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།

ཅང་ཅེ་ནས་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དང་ས་ཞིང་གྲོན་ཆུང་གི་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ནས།  ཁྲིམས་འགལ་ངང་རྨོ་ཞིང་བཟུང་སྤྱོད་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་།  ཁྲིམས་ལྟར་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སྒྲུབ་སྟེ།  ས་ཞིང་བེད་སྤྱོད་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས་པ་དང་།  རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་དང་གཏན་འཇགས་དང་གཞི་རྩའི་ས་ཞིང་གི་མཐའ་ཚད་བརྟན་སྲུང་བྱས་ནས།  རྨོ་ཞིང་བཟུང་གསབ་གཉིས་དོ་སྙོམས་ཡོང་བ་བྱེད་དགོས་པ།  ཁྲིམས་དང་སྒྲིག་སྲོལ་ལྟར་ས་ཞིང་སྤྱོད་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ།  སྒྲིག་སྲོལ་དང་ལམ་སྲོལ་ཐོག་ནས་སྐྱོན་ཆ་སེལ་བ་དང་འཛམ་གླིང་ཐོག་གི་མཐའ་མའི་ས་གཙང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]