ལྗོངས་མི་དམངས་འཐུས་ཚོཌ་སྐབས༡༡པའི་རྒྱུན་ཨུད་ལྷན་ཁང་གི་ཚོགས་འདུ་ཐེངས༢༥ལྷ་སར་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-01-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་དང་པོའི་ཚེས ༡༧ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པ་ལྷ་སར་འཚོགས་པ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་འོད་ཟེར།  ཞུལ་ཞོལ་ཀོང་སོགས་ཚོགས་འདུར་ཕེབས་ཡོད།

ཚོགས་འདུའི་ཐོག  ད་རེས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱས་རྗེས་མི་དོན་བསྐོ་འཐེན་བྱ་བའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་གསལ་བཤད་ཉན་པ་དང་།  ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད།  ནོར་བུ་དོན་གྲུབ་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་གོ་གནས་ཕྱིར་འཐེན་བྱེད་རྒྱུ་དང་།  པད་མ་དབང་འདུས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་བྱེད་རྒྱུ།  ཀྲུའུ་ཡཱ་བིང་གི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱི་གོ་གནས་དགོངས་ཞུ་བྱེད་རྒྱུའི་སྐོར་གྱི་རེ་ཞུ་དང་ལེན་བྱས་ཏེ།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ལ་སྙན་གསེང་ཞུ་བ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་རྗེས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལ་བརྗེད་ཐོ་འགོད་རྒྱུ།  ཤཱ་ཁེ་ཇིན་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པར་བསྐོ་བཞག་བྱེད་རྒྱུ་དང་།  ཞིབ་དཔྱོད་དཔོན་གཞོན་པ་ཤཱ་ཁེ་ཇིན་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཞིབ་དཔྱོད་དཔོན་དུ་གཏན་འཁེལ་བྱེད་རྒྱུ་དེ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལ་བརྗེད་ཐོ་འགོད་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་རེད།

ཚོགས་འདུའི་ཐོག  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་མ་ཟིན་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་སྟེ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པར་གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་དང་།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་ཚོགས་འདུའི་ཐོག་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེ་མོའི་མཚན་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་གྲ་སྒྲིག་ཚོགས་འདུའི་ཐོག་འདེམས་བསྐོ་བྱེད་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཟུར་ཞུགས་པའི་མཚན་ཐོར་གྲོས་འཆམ་བྱུང་བ།  འཐུས་མི་ཁག་ཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་སྤྱི་བསྒྲགས་མ་ཟིན་ལ་གྲོས་འཆམ་བྱུང་བ།  དེ་མིན་གྱི་བསྐོ་འཐེན་གྲོས་གཞིར་གྲོས་འཆམ་བྱས་པ།  བསྐོ་བཞག་ཡི་གེ་སྤྲད་པ་བཅས་བྱས་ཡོད།

བློ་བཟང་རྒྱལ་མཚན་ནས་གསུང་བཤད་གནང་སྐབས།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་འཚོག་གྲབས་ཡོད་པས།  ང་ཚོས་ངེས་པར་དུ་ཆབ་སྲིད་དང་ལོ་རྒྱུས་ཀྱི་འགན་སེམས་ཆེན་པོ་དང་བདག་པོའི་རྣམ་འགྱུར་འཆང་བ་དང་།  ཆབ་སྲིད་ལ་སྣང་ཆེན་གྱི་མཐོ་ཚད་ཐོག་ནས་ཚོགས་འདུའི་ལས་འགན་ཁག་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཚོགས་འདུ་གྲོལ་རྗེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་ཀྱི་དམ་འཇོག་མཛད་སྒོ་འཚོགས་ནས།  གསར་དུ་བསྐོ་བཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པས་ཁྲིམས་ལྟར་རྩ་ཁྲིམས་དམ་འཇོག་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཀྱིས་དམ་འཇོག་གི་དབུ་མཛད་པ་དང་།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞུལ་ཞོལ་ཀོང་གིས་དམ་འཇོག་མཛད་སྒོ་གཙོ་སྐྱོང་གནང་བ་མ་ཟད་ལྟ་སྐུལ་ཡང་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]